logo རྒྱལ་ནང་གསར་འགྱུར། ཞིབ་ཕྲའི་གནས་གནས་ཚུལ།

ཁྱུང་ཆེན་བསྟན་འཛིན་ཉི་མས་ཀྲུང་གོའི་བྱ་ཚང་ཟིལ་གྱིས་མནན།

2018-10-08 11:43ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ།:


   སྤྱི་ཟླ༡༠པའི་ཚེས༧ཉིན་ཏེ། སྟོན་ཟླའི་འབྲས་བུ་ཡོངས་སུ་སྨིན་ནས་འཇིག་རྟེན་ཀུན་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བའི་དུས་འདིར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་ཕེབས་པའི་བསྟན་འཛིན་ཉི་མ་ཡིས།2016ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་འགྲན་ཡ་ཀུན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་ནས། གངས་ཅན་ཁ་བའི་ལྗོངས་ཀྱི་བོད་རིགས་སྤུན་ཟླ་དག་ལ་ལེགས་སྐྱེས་བླ་ན་མེད་པ་ཕུལ་སོང་། 

 བསྟན་འཛིན་ཉི་མ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་ལ། ཁོས་རང་ཉིད་ཀྱི་རོལ་དབྱངས་ཕུགས་འདུན་ནམ་ཡང་མ་དོར་བར་འབད་པ་ལྷོད་མེད་བྱས་མཐར། དུས་ཡུན་ལོ་ཕྱེད་རིང་གྲ་སྒྲིག་དང་འགྲན་བསྡུར་བྱས་པ་བརྒྱུད《ཀྲུང་གོའི་སྐད་སྙན》གྱི་གར་སྟེགས་སྟེང་བོད་གཞས་དང་དར་ཆེའི་རོལ་དབྱངས་གཉིས་ཟུང་དུ་སྦྲེལ་ནས། རྒྱ་ཆེའི་ལྟད་མོ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས་པས་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། ཐེངས་འདིའི་འགྲན་རྩོད་ཁྲོད་རྣམ་པར་རྒྱལ་བ་རེད།

   བསྟན་འཛིན་ཉི་མས་བཤད་རྒྱུར། 《ཀྲུང་གོའི་སྐད་སྙན》གྱི་གར་སྟེགས་ཆེན་མོ་འདི་བརྒྱུད་ནས། ངས་རང་མི་རིགས་ཀྱི་གླུ་གཞས་དེ་འཛམ་གླིང་གི་ཉན་མཁན་མང་པོར་བླངས་ན་འདོད་པས། རང་མི་རིགས་ཀྱི་གླུ་གཞས་དང་དར་ཆེའི་གླུ་གཞས་གཉིས་ཟུང་དུ་སྦྲེལ་ནས་ཉན་མཁན་སྔར་ལས་མང་པོ་ཞིག་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ལ་རོལ་མྱོང་བྱེད་དུ་བཅུག་ན་འདོད་ཡོད་ཟེར།།



ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།