logo རྒྱལ་ནང་གསར་འགྱུར། ཞིབ་ཕྲའི་གནས་གནས་ཚུལ།

རྒྱལ་སྟོན་སྐབས་རྒྱལ་ཡོངས་ཀྱིས་ཡུལ་སྐོར་པ་དུང་ཕྱུར5ལ་སྣེ་ལེན་བྱས།

2018-10-08 11:21ཀོས་ནན་སྲིད་དོན། རྩོམ་པ་པོ།:

1.jpg

   ས་གནས་ཁག་གི་ཡུལ་སྐོར་ཚན་པ་དང་། འཕྲིན་གཏོང་ཁེ་གཉེར་ཁེ་ལས། དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ཁེ་ལས་བཅས་ཀྱིས་འཁོ་འདོན་བྱས་པའི་གྲངས་གཞི་ཕྱོགས་བསྡུས་བྱས་པ་དང་། ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་ཁང་གིས་ཚོད་རྩིས་རྒྱབ་པ་བརྒྱུད། སྤྱི་ཟླ10པའི་ཚེས1ཉིན་ནས་ཚེས་༤ཉིན་བར་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་ལྔ་དང་ས་ཡ་གཉིས་ལ་སྣེ་ལེན་ཞུས་ཡོད་ཅིང་། དུས་མཚུངས་ལས་བརྒྱ་ཆ8.8འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར4169བྱུང་ཡོད་པས། དུས་མཚུངས་ལས་བརྒྱ་ཆ8.12འཕར་ཡོད་པ་རེད།

2.jpg

   ངལ་གསོའི་གོང་གི་ཉིན་བཞིའི་རིང་། རྒྱལ་ནང་གི་ཡུལ་སྐོར་གྲོང་ཁྱེར་གྱི་གཞུང་ལམ་ཐོག་འགྲིམ་འགྲུལ་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། གཙོ་གནད་མཛེས་ལྗོངས་ཁུལ་མང་པོར་མི་མང་པོ་ཡོད་ཅིང་། འགྲུལ་བཞུད་མཐོ་རླབས་འཕྱུར་ཡོད། མཛེས་ལྗོངས་ཁུལ་དང་འབྲེལ་ཡོད་ཚན་པས་དུས་ཐོག་ཏུ་དུས་མཚམས་དབྱེ་ནས་པ་སེ་སྔོན་ཚོང་བྱེད་པ་དང་། ལམ་ཐིག་མང་པོར་ཡུལ་སྐོར་བྱེད་པ། ཉེ་འཁོར་གྱི་ལམ་མཚམས་སུ་གནས་སྐབས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པ་སོགས་བྱ་ཐབས་སྤེལ་ནས། ཡུལ་སྐོར་བའི་ཁྲིད་སྟོན་དང་དོ་དམ་ལ་ཤུགས་སྣོན་རྒྱབ་པས། ཡུལ་སྐོར་ཁྲོམ་རྭའི་སྒྲིག་སྲོལ་སྤྱི་ཡོངས་ནས་ཡག་པོ་ཡོད་པ་རེད།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།