logo དེ་རིང་གི་དོན་ཆེན། ཞིབ་ཕྲའི་གནས་གནས་ཚུལ།

རང་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ཁུལ་གཏོགས་ལས་ཁུངས་ཀྱི་སྐོར་བྲོའི་འགྲན་བསྡུར་སྤེལ།

2018-10-08 10:32མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།:

    

   སྤྱི་ཟླ9བའི་ཚེས28ཉིན། རང་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའམ་རྒྱལ་སྟོན་དུས་ཆེན་བསུ་བའི་ཁུལ་གཏོགས་ལས་ཁུངས་ཀྱི་སྐོར་བྲོའི་འགྲན་བསྡུར་སྤེལ་ཞིང་། སྐོར་བྲོ་འགྲན་བསྡུར་གྱི་རྣམ་པས་རླབས་ཆེ་བའི་དུས་སྐབས་འདི་བསུ་མ་བྱེད་པ་མ་ཟད་མཚོ་ལྷོ་ཁུལ་གཏོགས་ལས་ཁུངས་ཀྱི་རིགས་སོ་སོའི་ལས་བྱེད་མི་སྣའི་བསམ་པའི་རིག་གནས་ཀྱི་སྣང་བརྙན་མཚོན་པར་བྱས།

    འགྲན་བསྡུར་ཡུལ་དངོས་སུ་འགྲན་ཞུགས་རུ་ཁག་གི་རུ་མི་རྣམས་ཀྱིས་ཉམས་འགྱུར་ལྡན་པའི་གར་གྱི་སྟངས་སྟབས་ལས་རྒྱལ་ཁབ་བཙུགས་ནས་ལོ་འཁོར69དང་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར40ལོན་པར་བསུ་མ་གནང་ཞིང་། འཐུབ་ཚབ་རུ་ཁག་ལྔའི་འཁྲབ་སྟོན་ལས་ས་གནས་འདིའི་མང་ཚོགས་ཀྱི་ཡིད་དབང་བཀུག  མཐར་ཛ་དྲག་གི་འགྲན་བསྡུར་བརྒྱུད། འཕྲོད་བསྟེན་འཆར་སྐྱེས་ཨུ་ལྷན་སྡེ་ཁག་གིས་སྐོར་བྲོ《མདོ་སྨད་རྟའི་མཆོད་ཁ》དང《ཕ་ཡུལ་སྐྱིད་པའི་གཞི་མ》འཁྲབ་སྟོན་གནང་སྟེ་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་། ཏང་དང་མང་ཚོགས་སྡེ་ཁག་ལ་ཨང་གཉིས་པ། སྲིད་གཞུང་སྡེ་ཁག་ལ་ཨང་གསུམ་པ། ནོར་སྲིད་དང་དཔྱ་ཁྲལ་སྡེ་ཁག་དང་སྤྱི་དཔྱོད་ཁྲིམས་གསུམ་སྡེ་ཁག་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་བཅས་ཐོབ།

འཕྲོད་བསྟེན་འཆར་སྐྱེས་སྡེ་ཁག་གིས་སྐོར་བྲོ་འཁྲབ་སྟོན་བྱེད་པ།

    ཐེངས་འདིའི་འགྲན་བསྡུར་བརྒྱུད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་སྐོར་བྲོ་འཁྲབ་སྟོན་ལ་དགའ་མཁན་དག་ལ་ཕན་ཚུན་འབྲེལ་འདྲིས་དང་སྟངས་སྟབས་ངོམ་པའི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། རྒྱ་ཆེ་བའི་མང་ཚོགས་རྣམས་རང་འགུལ་གྱིས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ལ་ཞུགས་པར་སྐུལ་སློང་སྒོས་སྔར་ལས་ལྷག་པར་དམངས་ཡོངས་ལུས་རྩལ་སྦྱོང་བརྡར་ལ་སྐུལ་འདེད་བཏང་།

སྲིད་གཞུང་སྡེ་ཁག་གིས་སྐོར་བྲོ་འཁྲབ་སྟོན་བྱེད་པ།

བྱ་དགའ་གནང་བ།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།