logo དེ་རིང་གི་དོན་ཆེན། ཞིབ་ཕྲའི་གནས་གནས་ཚུལ།

ཡན་ཅིན་ཧེ་ཡིས་རང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

      ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤེལ་བའི་དམིགས་ས་བཞིའི་ལག་བསྟར་དམ་འཛིན་བྱེད་པའི་བྱ་འགུལ་གྱི་བླང་བྱ་ལྟར། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་མཛུབ་སྟོན་གནང་།

      ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་ཉེར་དགུ་པས་བཏོན་པའི་དག་ཐེར་ལེགས་བཅོས་བྱེད་པའི་གཙོ་གནད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབུར་ཐོན་གནད་དོན་དང་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་མཛུབ་སྟོན་གནད་དོན་ཐད་ཀྱི་གསལ་ཁྲ་བཅས་ལ་དམིགས་ནས། རེ་རེ་བཞིན་དཔེ་ལྟ་དང་ལེགས་སྒྲིག་བྱེད་པ་དང་། ཉམས་ཞན་ས་འཚོལ་བ། དཀའ་ཁག་གནད་དོན་ཐག་གཅོད་པ། འབུར་དུ་ཐོན་པའི་ཞན་ཆ་ཁ་གསབ་བྱས་ཏེ། ཧུར་ཐག་གིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལག་བསྟར་བྱེད་པའི་ལག་ལེན་ཁྲོད། དངོས་ཤུགས་འདོན་པ་དང་བྱེད་ཐབས་སྤྱོད་པ། ཕན་འབྲས་བརྩོན་ལེན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།

      ཡན་ཅིན་ཧེ་སྔ་གཞུག་ཏུ་ཁྲི་ཀ་རྫོང་དཀར་བརྗིད་ཤང་ཨར་ལེན་སྡེ་བ་དང་སུམ་པ་སྡེ་བ་སོགས་སུ་སོང་ནས་ཞིང་སྡེ་འཆར་འགོད་འཛུགས་སྐྲུན་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས། དབུལ་སྐྱོར་ཐོན་ལས་ར་བ་འཛུགས་སྐྲུན། ཞིང་སྡེ་གནས་སྐོར་འཕེལ་རྒྱས། ནགས་སྐྲུན་ལྗང་བསྒྱུར་སོགས་ལ་དམིགས་ནས་ཡུལ་དངོས་རྟོག་ཞིབ་བྱས། །


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།