logo དེ་རིང་གི་དོན་ཆེན། ཞིབ་ཕྲའི་གནས་གནས་ཚུལ།

རང་ཞིང་གི་ཐོན་རྫས91ལ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་མཚན་སྙན་ཐོབ།

      ཉེ་སྔོན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་གཤིས་མཚོན་རྟགས་ཐོན་ལས་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་སྟེང་རྒྱུས་ལོན་པ་ལྟར་ན།  ད་སྔར། རང་ཞིང་གི་ཐོན་རྫས་རིགས34ལ་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་ནས་ས་གཤིས་མཚོན་རྟགས་ར་སྤྲོད་ཚོང་རྟགས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་པ་དང་།  ཐོན་རྫས་རིགས15རྒྱལ་ཁབ་སྤུས་ཚད་དཔྱད་ཞིབ་སྤྱི་ཁྱབ་ཅུའུ་ནས་རྒྱལ་ཁབ་ས་གཤིས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་ཐོ་འགོད་འགྲོ་ལུགས་དང་། ཞིང་ལས་ཐོན་རྫས་རིགས55རྒྱལ་ཁབ་ཞིང་ལས་པུའུ་ནས་ཞིང་ལས་ཐོན་རྫས་ས་གཤིས་མཚོན་རྟགས་ཀྱི་ཐོ་འགོད་འགྲོ་ལུགས་གཉེར། 


      དེ་དང་མཉམ་དུ།  ཞིང་ཕྱུགས་དང་རིག་གནས།  གཏེར་རྫས།  བསྙལ་བཟོ་སོགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད་ལ། དེའི་ཁྲོད།    ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུ་དང་སྟོང་སྐོར་སྐྱུར་ཁུ།  ཧོང་གྲོང་ནས་ཆང་།  ཧོར་གྲོང་ཞོག་ཁོག  སྟོང་སྐོར་སྲན་མ།  ཡ་རྫི་སུར་པན། ཡ་རྫི་སྟར་ཀ། མདོ་ལའི་ཤ་མོ་ངང་སེར།  རྒྱ་མདོའི་ལོག་དཀར་སྣུམ།  རྒྱ་མདོའི་འོ་ཁ། ཧོར་གྲོང་ཕག  ཟི་ལིང་གི་བལ།   མདོ་ལའི་ལུག་ཤ།   ཁྲི་ཀའི་སུར་པན།  རྟ་ཐང་ཞོག་ཁོག་གསར་པ།  ལུང་མདོའི་ཞོག་ཁོག  ལུང་མདོའི་སྒོག་པ་སོགས་ཐོན་རྫས་རིགས91ལ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཐོན་རྫས་ཀྱི་མཚན་སྙན་ཐོབ། 


      རྒྱུས་ལོན་པ་ལྟར་ན། ཐོ་འགོད་བྱས་པའི་ས་གཤིས་མཚོན་རྟགས་ཐོན་རྫས་ཀྱི་སྤུས་ཚད་མཐོ་བ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ནས་ཡང་སྙན་གྲགས་ཅུང་མཐོན་པོ་ཡོད། ཁྲོམ་རའི་དངོས་གོང་མུ་མཐུད་དུ་ཇེ་མཐོར་སོང་སྟེ།    ས་གཤིས་མཚོན་རྟགས་ཐོན་རྫས་མང་པོ་ཞིག་རང་ཞིང་གི་ཕྱིའི་དངུལ་གཏོང་འགུག་པ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བྱེད་ཀྱི་མིང་བྱང་ཞིག་ཏུ་གྱུར།   དེ་ལས་ཀྱང་ས་གནས་ཐོན་རྫས་ཕྱི་རྒྱལ་དུ་བསྐྱོད་པའི་གཅེས་ནོར་ཞིག་ཏུ་གྱུར་ཡོད་པས།  དེར་ས་གནས་ཀྱི་སྙན་གྲགས་ཚད་ཇེ་མཐོ་དང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དོན་སྙིང་གལ་ཆེན་ལྡན་པ་རེད།། 


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།