logo ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར། ཞིབ་ཕྲའི་གནས་གནས་ཚུལ།

2018ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།

2018-09-18 14:51ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ།:



   ཟླ9བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་འགོ་ཁྲིད་ཚན་ཆུང་དྲ་རྒྱའི་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན་སོགས་ལས་ཁུངས་དགུ་ཡིས་རོགས་སྒྲུབ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲ་རྒྱའི་བདེ་འཇགས་གཞུང་སྒྲུབ་ཁང་གཉིས་ཀྱིས་འགན་ཁུར་ནས་སྒྲུབ་པའི“དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་དོན་དུ་བྱས་པའི2018ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་དྲ་རྒྱ་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིས་མེན་མཛད་སྒོར་ཞུགས་ནས་གཏམ་བཤད།


   ཝང་ལིས་མེན་གྱིས་བསྟན་དོན། མཉམ་འབྲེལ་དྲ་རྒྱ་དང་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། ལྷག་པར་དུ་མཉམ་འབྲེལ་དྲ་རྒྱ་སྤྱི་ཚོགས་ཡོངས་ལ་ཁེབས་པར་བྱས་པ་དང་མི་ཡོངས་ཀྱིས་ལག་ཁྱེར་ཁ་པར་ལ་བརྟེན་ནས་དྲ་རྒྱ་སྤྱོད་པ་དང་བསྟུན་ནས། དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་བྱེད་པ་དང་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། དྲ་རྒྱའི་བདེ་འཇགས་མངོན་འགྱུར་བྱེད་རྒྱུ་དེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་ཡོད། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ། 


  དྲ་རྒྱའི་བདེ་འཇགས་སློབ་གསོའི་སློབ་ཁྲིད་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་པས། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ལྟ་བ་འཛུགས་པ་དང་། དྲ་རྒྱའི་བདེ་འཇགས་འགོག་སྲུང་རྩལ་ནུས་ཁྱབ་གདལ་དུ་བཏང་སྟེ། བསམ་བློ་འདུ་ཤེས་ཀྱི་དྲ་རྒྱའི་དུག་འགོག་གྱང་ར་འཛུགས་སྐྲུན་བྱེད་དགོས། གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་བསྟུན་བཀོད་འདོམས་མ་ལག་བཙུགས་ནས། གནད་འགག་ཁྱབ་ཁོངས་ཀྱི་འགོག་སྲུང་དྲ་རྒྱ་བརྟན་པོ་འཛུགས་དགོས། གཞི་གྲངས་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

   མགོ་རྩོམ་མཛད་སྒོ་གྲོལ་རྗེས། ཝང་ལིས་མེན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་དྲ་རྒྱའི་བདེ་འཇགས་འགྲེམ་སྟོན་ལ་བལྟས། དྲིལ་སྒྲོག་གཟའ་འཁོར་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སློབ་རའི་ཉིན་མོ་དང་གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ། ན་གཞོན་ལོ་ཆུང་གི་ཉིན་མོ། མི་སྒེར་ཆ་འཕྲིན་སྲུང་སྐྱོབ་ཉིན་མོ་སོགས་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་རྒྱུ་རེད།།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།