logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

ཁྲི་ཀའི་གནམ་གྲུ་ཐང་ལོ་མཇུག་ལ་ཚོད་ལྟའི་འཕུར་བསྐྱོད་བྱ་རྒྱུ་རེད།

2018-08-30 16:01 རྩོམ་པ་པོ།:

4.jpg

      ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཤར་སྐྱོད་མཁའ་འགྲུལ་སྡེ་ཚོགས་ཀུང་ཟི་ལས་རྒྱུས་ལོན་པ་ལྟར་ན། ད་ལྟའི་བར་ཁྲི་ཀ་རྫོང་གིས་ཤར་སྐྱོད་གནམ་གྲུ་འབབ་ཐང་གི་ལས་གཞི་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.5ཡས་མས་ཤིག་བཏིངས་ཡོད་ལ། འཕུར་སྐྱོད་ས་ཁུལ་གྱི་ར་བའི་བཟོ་སྐྲུན་ས་གཞི་དང་རྨང་གཞི་ཡོངས་འགྲུབ་ཀྱི་ཚད་གཞི་ནི་བརྒྱ་ཆའི72.24ལ་སླེབས་པ་དང་། བྱ་བའི་ས་ཁུལ་དུ་ས་སྣོན་པ་དང་རྨང་གཞི་བཏིངས་པའི་ཡོངས་འགྲུབ་ཀྱི་ཚད་གཞི་བརྒྱ་ཆའི22.45ལེགས་འགྲུབ་བྱུང་ཡོད།


5.jpg

      འཆར་གཞི་ལྟར་ན། ད་ལོའི་ལོ་མཇུག་ལ་འཕུར་སྐྱོད་ར་བ་དེའི་ཐང་ཆེན་བཟོ་སྐྲུན་ཡོངས་འགྲུབ་བྱ་རྒྱུ་ཡིན་ལ། མིག་གི་མཐོང་སྣང་རོགས་འདེགས་བཟོ་སྐྲུན་དང་ཐང་ཆེན་ལམ་གྱི་བཟོ་སྐྲུན། དེའི་ཁོངས་གཏོགས་བཟོ་སྐྲུན་བཅས་ཀྱི་འཕུར་སྐྱོད་ཚོད་ལྟ་ཡོངས་འགྲུབ་བྱ་འཆར་ཡོད།


6.jpg

      ཁྲི་ཀ་རྫོང་ཤར་སྐྱོད་གནམ་གྲུ་འབབ་ཐང་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཁྲི་ཀའི་རྫོང་མཁར་དང་བར་ཐག་ལེ་དབར6.5ཡི་མཚམས་སུ་ཡོད་ཅིང་། ལས་གཞི་འདི2017ལོའི་ཟླ7པའི་ཚེས28ཉིན་ནས་ལས་མགོ་བརྩམས་ཤིང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར4.9ལ་སླེབས་ཡོད། 


a3.jpg

      གནམ་གྲུ་འབབ་ཐང་གི་རིགས་ནིA1རིམ་པའི་ཤར་སྐྱོད་གནམ་གྲུའི་འབབ་ཐང་དང་འཕུར་སྐྱོད་ས་ཁུལ་གྱི་ཚད་རིམ་ནིB2ཡིན། འཛུགས་བསྐྲུན་གཙོ་བོའི་ནང་དོན་གྱི་ཁོངས་སུ་རིང་ཚད་ལ་རྨིད2600དང་ཞེང་ཚད་ལ་རྨིད30ཅན་གྱི་གནམ་གྲུ་ཤར་སྐྱོད་ལམ་གཅིག་དང་དྲང་འཕྱང་མཐུད་སྦྲེལ་ལམ་ཐིག2 གནམ་གྲུ་འདུག་ས་དང་། འཛུགས་བསྐྲུན་གཞུང་སྒྲུབ་ཆ་ཚང་གཅིག འཕྲུལ་ཆས་འཇོག་ས། ཞིག་གསོ་བྱེད་ས་སོགས་ཀྱི་སྤྱི་གཞུང་སྒྲིག་ཆས་ཡང་སྒྲིག་འཛུགས་བྱས་ཡོད།

w2.jpg


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།