logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

ཐུན་ཏེ་རྫོང་གིས་ཞིང་བའི་གླ་ཕོགས་ཆད་པའི་བྱ་བ་ལེགས་པོར་བསྒྲུབས།

2018-08-30 15:43 རྩོམ་པ་པོ།:

      ཉེ་སྔོན། ཐུན་ཏེ་རྫོང་གིས་ཧུར་ཐག་གིས་འཆམ་མཐུན་གྱི་ངལ་རྩོལ་ཁོར་ཡུག་ཞིག་བསྐྲུན་ཆེད་དང་། ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་བ་གཙོར་བཟུང་ནས། ཁྲིམས་འཛིན་ཉེན་རྟོག་པ་དང་ཆད་དངུལ་གཙང་སྤྲོད་བྱེད་པར་ཤུགས་སྣོན་བྱས། 

      མིག་སྔར། རྫོང་ཡོངས་ཀྱི་འཛུགས་སྐྲུན་དང་ཟ་ཁང་ཞབས་ཞུ། ངལ་རྩོལ་པ་མང་པོ་འདུ་སའི་ལས་རིགས་ཀྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་ཐེངས 30 བྱས་ཤིང་། མི་བཀོལ་ལས་ཁུངས་དང་ཞིང་བ་ཞོར་ལས་པའི་བར་ལ་ངལ་རྩོལ་གན་རྒྱ1430བཞག གན་རྒྱ་བཞག་པའི་ཚད92%སླེབས། 

      ཞིང་བ་ཞོར་ལས་པའིི་གླ་ཕོགས་ཆད་པའིི་གྱོད་དོན15ཐག་གཅོད་བྱས་པ་དེ་ཞིང་བ་ཞོར་ལས་པ94 ཡི་སྒོར་ཁྲི81.28དང་འབྲེལ་བ་ཡོད་པ་རེད། ལས་ཐོག་རྨས་སྐྱོན་ཕོག་པའི་ཞིང་བ་ཞོར་ལས་པར་སྨན་རིན་སྒོར65000བླངས། ཆད་དངུལ་གཙང་སྤྲོད་ཀྱི་ཚད100% སླེབས།

      མིག་སྔའི་བར། རྫོང་ཡོངས་ཀྱི་འཛུགས་སྐྲུན་ཁེ་ལས 64 ཡིས་ཞིང་བ་ཞོར་ལས་པར་ཁག་ཐེག་མ་དངུལ་སྒོར་ཁྲི 1110.04 བྱིན། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པའི་གཏུག་བཤེར་གྱོད་གཞི་དང་ཁེ་ལས་ཀྱིས་བསམ་གཟས་ནས་གླ་ཕོགས་འགོར་འགྱངས་དང་ཆད་དངུལ་གཙང་སྤྲོད་མི་བྱེད་པའི་གྱོད་གཞི་རིམ་བཞིན་ཇེ་ཉུང་དུ་སོང་ཞིང་། འགན་རྩོད་ཕལ་ཆེར་གཞི་རིམ་ནས་ཐག་གཅོད་བྱས་ཏེ། ཁེ་ལས་དང་སྤྱི་ཚོགས་གཏན་འཇགས་ལ་ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་བྱས།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།