logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

ཞིན་ཧེ་རྫོང་གིས་གཞི་རིམ་ལས་བྱེད་པའི་བོད་སྐད་ཁ་སྐད་གསོ་སྦྱོང་བྱ་བར་ཤུགས་བསྣན།

   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་གཞི་རིམ་ལས་བྱེད་པ་ཁ་ཤས་ཀྱིས་བོད་སྐད་མི་ཤེས་པ་དང་། བོད་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཀྱིས་མི་འདང་བའི་གནད་དོན་ལ་དམིགས་ཏེ་ཞིན་ཧེ་རྫོང་གིས་གཟབ་ནན་གྱིས་འཆར་འགོད་དང་ཉིན་མཚན་གཉིས་ལ་གསོ་སྦྱོང་བྱེད་པའི་རྣམ་པ་བརྒྱུད་དེ་གཞི་རིམ་ལས་བྱེད་པའི་བོད་སྐད་ཁ་སྐད་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་།

   བོད་སྐད་གསོ་སྦྱོང་འཛིན་གྲྭར་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་ཆེད། ཞིན་ཧེ་རྫོང་གིས་བོད་སྐད་ཁ་སྐད་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་འཛུགས་རྒྱུ་དེ་ཞིན་ཧེ་རྫོང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཆེད་དོན་འཛིན་གྲྭ་བསྒྲུབ་པའི་འཆར་གཞིའི་ཁྲོད་བཞག་པར་མ་ཟད། མི་དོན་སྡེ་ཁག་གི་འགན་ཁུར་མི་སྣ་རྩ་འཛུགས་བྱས་ཏེ་སྡེ་ཁག་སོ་སོའི་ལས་བྱེད་པའི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ལོ་ཞེ་ལྔའི་མན་གྱི་བོད་སྐད་མི་ཤེས་པའི་ལས་བྱེད་པ་དག་གསོ་སྦྱོང་བྱེད་ཡུལ་གཙོ་བོར་བྱས་པར་མ་ཟད། བོད་སྐད་ཁ་སྐད་ཚོད་ལྟའི་གསོ་སྔྱོང་འཛིན་གྲྭ་བསྒྲུབ་པའི་བརྡ་སྦྱོར་དང་བོད་སྐད་ཁ་སྐད་ཀྱི་རྐང་འཛིན་པའི་དགོང་མོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་བརྡ་སྦྱོར་དཔར་ནས་བཀྲམ་སྟེ་གསོ་སྦྱོང་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།

  དེ་དང་མཉམ་དུ། ཞིན་ཧེ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭས་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་གཅིག་དང་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་གཅིག་མངག་སྟེ་སློབ་ཁྲིད་ཀྱི་འགན་ཁུར་དུ་བཅུག་པ་དང་། སློབ་ཁྲིད་བྱེད་ཐབས་སྣ་མང་བརྒྱུད་དེ་གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་པ་དག་འབྲོག་ཁྱིམ་དུ་ཁྲིད་ནས་འབྲོག་པ་མང་ཚོགས་དང་བརྗེ་རེས་བྱེད་དུ་བཅུག་ནས། ཁོ་ཚོར་སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་ཁ་སྐད་གསོ་སྦྱོང་གི་ཕན་ནུས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། སྲིད་གཞུང་ལས་བྱེད་པས་བོད་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་མཐོར་འདེགས་བཏང་།།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།