logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

ཀོས་ནན་རྫོང་འགྲིམ་འགྲུལ་རུ་ཆེན་གྱིས་དྲིལ་སྒྲོག་བྱ་འགུལ་སྤེལ།

2018-07-19 16:57ཀོས་ནན་ཉི་འོད་སྲིད་དོན། རྩོམ་པ་པོ།:

      2018ལོའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་སྐབས་བཅུ་བདུན་པ་མི་འགྱང་བར་མགོ་རྩོམ་རྒྱུ་ཡིན་པས།  ཐེངས་འདིའི་འགྲན་བསྡུར་སྐབས་ཀྱི་འགྲིམ་འགྲུལ་བགྲོད་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཟླ7པའི་ཚེས17ཉིན །ཀོས་ནན་རྫོང་རུ་ཆེན་གྱིས་ཧུར་ཐག་གིས་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་སྔོན་གྱི་བྱ་བར་གྲ་སྒྲིག་བྱས་ཏེ། དེ་དང་འབྲེལ་ཡོད་ཀྱི་དྲིག་སྒྲོག་བྱ་འགུལ་སྤེལ།

1.jpg

      བྱ་འགུལ་སྐབས་སུ། གཅིག་ནས་འགྲིམ་འགྲུལ་ཉེན་རྟོག་གི་ནུས་ཤུགས་ཡོད་ཚད་རྫོང་ཁོངས་གཏོགས་ཀྱི་སྣུམ་ལྡུག་ས་ཚུགས་དང་རླངས་འཁོར་ས་ཚུགས། སྡོད་ཁུལ་སོགས་མི་མང་པོའི་གནས་སུ་འགྲིམ་འགྲུལ་བཀག་སྡོམ་བརྡ་ཁྱབ་སྦྱར།

2.jpg

      གཉིས་ནས་མགོ་མང་གྲོང་རྡལ་ཁོངས་གཏོགས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་མང་ཚོགས་ལ་འགྲིམ་འགྲུལ་བཀག་སྡོམ་བརྡ་ཁྱབ་ཀྱི་ནང་དོན་དང་། དེ་དང་འབྲེལ་བའི་འགྲིལ་འགྲུལ་བཅའ་ཁྲིམས་སྒྲོག་འགྲེལ་བྱས། 

 གསུམ་ནས་སྐད་འཕྲིན་དང་པོད་འཕྲིན་སོགས་བརྒྱུད་ནས་དུས་གཏན་ནང་ལྟར་འགྲིམ་འགྲུལ་བཀག་སྡོམ་བརྡ་ཁྱབ་སོགས་སྤེལ་ནས་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་ལ་ཁོར་ཡུག་ལེགས་པོ་བསྐྲུན།

3.jpg

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།