logo སྨྱན་བྱད་ཀྱིས་མཚོ་ལྷོར་བལྟ་བ། ཞིབ་ཕྲའི་གནས་གནས་ཚུལ།

མཛེས་སྡུག་གི་ཀོས་ནན་གྱིས་ཁྱེད་རང་ཕེབས་པར་དགའ་བསུ་ཞུ།

2018-07-04 09:54 རྩོམ་པ་པོ།:

1.jpg

      མིག་སྔར། ཀོས་ནན་རྫོང་གི་ས་གནས་སོ་སོར་རིག་གནས་གླུ་གར་འཁྲབ་སྟོན་མི་སྣ800ལྷག་ཡོད་ཅིང་། དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཉི་ཤུ་ལྷག་ཏུ་ཁྱབ་ཡོད་པ་དང་། འཁྲབ་སྟོན་ཐེངས9000ལྷག་དང་ལྟད་མོ་བ་ཁྲི800ལྷག་ལ་བུད་མྱོང་། 

2.jpg

      དེར་མ་ཟད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་སུ་ཞུགས་ནས་བྱ་དགའ་ཐེངས་མང་པོ་བླངས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་སྐབས་སུ་རྒྱལ་ཁབ50ལྷག་གི་འཐུས་ཚབ་དང་མཉམ་དུ་འོད་སྟོང་འབར་བའི་མི་རིགས་རིག་གནས་ལ་རྒྱ་ཆེའི་མི་དམངས་མང་ཚོགས་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་དགའ་བསུ་ཆེན་པོ་ཐོབ་མྱོང་། 

3.jpg

      2005ལོར་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ཞབས་ཞུའི་སྔོན་ཐོན་སྡེ་ཁག་དང2005ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རིག་གནས་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་བར་ཞབས་ཞུ་བྱེད་པའི་སྔོན་ཐོན་སྡེ་ཁག་ཏུ་བདམས། 

4.jpg

      2016ལོར་རིག་གནས་ཐིང་གིས་རང་ཞིང་གི་སྐབས་ཐོག་མའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། 2007ལོར་མཚོ་སྔོན་མི་དམངས་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་སྔོན་ཐོན་སྡེ་ཁག་ཏུ་བདམས། 

5.jpg

      2008ལོར་པེ་ཅིན་ཨོ་རྩལ་མཛད་སྒོའི་འཁྲབ་སྟོན་དང་སྣེ་ལེན་འཁྲབ་སྟོན་དུ་ཞུགས་ཏེ་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིར་གྱུར་པས།  རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཧ་ཅང་ཆེ།

6.jpg

      དེ་བས། 2018ལོའི་ཟླ7པའི་ཚེས་3ཉིན་མཚོ་སྔོན་ཞིང་ཆེན་ནོར་ནག་ཐོན་ལས་མནའ་འབྲེལ་མཚོ་ལྷོའི་དཔེ་སྟོན་ཁུལ་འཛུགས་པའི་མགོ་ཚུགས་མཛད་སྒོ་དང་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན། ཀོས་ནན་རྫོང་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་དེ་ཐར་ཤུལ་རྟ་རྒྱུག་ཐང་ནས་གཟབ་རྒྱས་ངང་མགོ་རྩོམ་རྒྱུ་རེད།

      ད་རེས་དུས་ཆེན་འདིར་རིག་རྩལ་འཁྲབ་སྟོན་དང་དངོས་ཟོག་བརྗེ་རེས། བོད་ཀྱི་གཙགས་གྲུབ་འགྲེམ་སྟོན་སོགས་རིག་གནས་སྒྱུ་རྩལ་གྱི་གསོལ་སྟོན་གྱ་ནོན་པ་ཞིག་བཤམས་ཡོད་པས། ལོ་སྔོན་མ་དང་བསྡུར་ན་དུས་ཆེན་གྱི་ལུས་རྩལ་དང་རིག་རྩལ་བྱ་འགུལ་ལ་ཞུགས་པའི་མི་སྣ་ཇེ་མང་དུ་སོང་ཡོད།

      མདོར་ན་རེབ་འདིའི་དུས་ཆེན་བརྒྱུད་ནས་རང་རེའི་ཁྱད་མཚར་བའི་རི་ཆུ་རིག་གནས་ལ་མྱོང་རོལ་དང་བསམ་བློ་བརྗེ་རེས། སྒོས་སུ་ཡུལ་འདིའི་ཆབ་དཔལ་རིག་གསུམ་གྱི་བསྟན་པ་མེ་རུ་འབར་བའི་ཆེད་དུ། མང་རྫོང་མི་དམངས་ཀྱིས་ཁྱེད་ལ་དུས་ཐོག་ཏུ་ལྷག་བསམ་འཁོལ་བའི་ངང་ནས་རང་རེའི་ཡུལ་གྲུ་འདིར་ལྗོངས་རྒྱུའི་ལྟ་སྐོར་ལ་ཐེངས་གཅིག་ཕེབས་པའི་གདན་ཞུའི་བརྡ་ཁྱབ་ཅིག་གུས་པས་བཞག་པ་ཡིན་ཞེས་འབུལ་ལེན་གྱིས།


དུས་ཚོད་དང་ས་གནས།

དུས་ཚོད།  2018ལོའི་ཟླ7པའི་ཚེས3ནས་ཚེས5ཉིན་བར།

ས་གནས།  མདོ་སྨད་ཀྱི་ཆོས་གྲྭ་ཆེན་མོ་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལྷ་སྡེ་ཆེན་མོ་སྟེ་ཐར་ཤུལ་ཡུལ་ཚོའི་ཐར་ཤུལ་སྡེ་བའི་རྟ་རྒྱུག་ར་བ་ཡིན། དེ་མིན་གླིང་ཆེན་བྱེ་སྣའི་ཁག་སོར་འབོད་པའི་ལོ་རྒྱུས་ཀྱི་ས་མིང་ཆེན་མོ་མུ་གེ་ཐང་། མང་རྫོང་གླུ་གར་དང་གཙགས་དྲུབ་ཀྱི་ཕ་སར་འབོད་པའི་རྫོང་མཁར་དཀྱིལ་གྱི་འཆམ་མཐུན་ཐང་ཆེན་བཅས་སུ་བཀོད་སྒྲིག་བྱས་ཡོད།  


ནོར་ནག་གི་ཕ་ས།

ཕྲེང་བསྟར་སྒྲིག་པའི་སྒུལ་འཁོར།



འདོ་རིགས་རྟ་ཕོའི་བང་རྩལ།




ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།