logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

མཚོ་ལྷོ་ཁུལ་གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་གླེང་སྟེགས་བསྡུས་པ།

2018-07-02 11:02མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།:

11.jpg

མཚོ་ལྷོ་ཁུལ་གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་གླེང་སྟེགས་བསྡུས་པ།


     སྤྱི་ཟླ6པའི་ཚེས27ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཡུན་ཀུའུ་གཞི་གྲངས་ཆེན་མོའི་ཐོན་ལས་དར་སྤེལ་ཚད་ཡོད་ཀུང་ཟིས་འགན་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་གྱི“གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་གླེང་སྟེགས”དེ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟེ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་དང་། དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཚའོ་ཡུའུ་ཧྲུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དེ་སྔོན་རྒྱུ་ཆའི་བཟོ་ལས་སིའི་སི་ཀྲང་ཀྲོའུ་ཁྲང་དབྱི། ཁུལ་དཔོན་བསོད་ནམས་དོན་གྲུབ། ཧྭ་ཝེ་ཀུང་ཟིའི་མཚོ་སྔོན་ས་ཁོངས་སྤྱི་ཁྱབ་འགན་འཛིན་པ་ཀྲང་ཞི་ཐའོ། རྒྱལ་ནང་གཞི་གྲངས་ཆེན་མོའི་ཐོན་ལས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་འགན་ཁུར་བ་འགའ་ཐེངས་འདིའི་གླེང་སྟེགས་སུ་ཞུགས།



དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཚའོ་ཡུའུ་ཧྲུའུ་ཡིས་བརྗོད་དོན་གཏམ་བཤད་སྤེལ།


     གླེང་སྟེགས་འདི་ནི་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཤིས་ཚིག་ཕུལ་ཞིང་། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ས་ཁོངས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཀྲང་ཞི་ཐའོ་ཡིས་གཏམ་བཤད་སྤེལ་ལ། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ་ཡིས་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་དངུལ་གཏོང་ཁོར་ཡུག་མཚམས་སྦྱོར་གནང་བ་དང་། དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཚའོ་ཡུའུ་ཧྲུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་རྒྱུ་ཆའི་བཟོ་ལས་སིའི་སི་ཀྲང་ཀྲོའུ་ཁྲང་དབྱི། ཧྭ་ཝེ་ཀུང་ཟིའི་དབུ་བཞུགས་བཟོ་བཀོད་པ་ཏོའུ་ཞའོ་ཧྥེང་། དེ་མིན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཡོངས་འཛིན་སྟེགས་བུ། པེ་ཅིང་སི་ཡོན་སྲིད་གཏོང་ཚན་རྩལ་མཐུན་ཚོགས་ཚད་ཡོད་ཀུང་ཟི་སོགས་ཀྱི་འཐུས་ཚབ་ཀྱིས་བརྗོད་དོན་གཏམ་བཤད་སྤེལ།



བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དེ་སྔོན་རྒྱུ་ཆའི་བཟོ་ལས་སིའི་སི་ཀྲང་ཀྲོའུ་ཁྲང་དབྱི་ཡིས་བརྗོད་དོན་གཏམ་བཤད་སྤེལ།


     མིག་སྔར། འཛམ་གླིང་ཆ་འཕྲིན་ཐོན་ལས་གསར་བ་དེ་མགྱོགས་མྱུར་བཅོས་སྒྱུར་གྱི་སྐབས་སུ་གནས་ཤིང་། གཞི་གྲངས་ཆེན་མོའི་ལག་རྩལ་དང་བེད་སྤྱོད་དེ་གསར་སྐྲུན་ཐོད་བརྒལ་གྱི་དུས་སྐབས་སུ་གནས་ལ། རྒྱལ་ནང་ཚོང་རའི་དགོས་མཁོ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་བ་དང་། རང་རྒྱལ་གཞི་གྲངས་ཆེན་མོའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་མོ་འདུག 2018ལོ་ནི་མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་བྱེད་པར་མགོ་རྩོམ་པའི་ལོ་ཞིག་ཀྱང་ཡིན། ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཐད། མཚོ་ལྷོ་ཁུལ་གྱིས་རང་སྟེང་གི་ཐོན་ཁུངས་ལེགས་ཆར་ཟུང་སྦྲེལ་སྒོས། རྒྱལ་ཡོངས100%ལྗང་མདོག་ཐོན་ཁུངས་བེད་སྤྱོད་བྱེད་པའི་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པ་བཏོན་པ་མ་ཟད། ཞིང་ཆེན་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་བསྐྲུན་པ་ཡིན། དེའི་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་རང་སྟེང་ཁྱད་ཆོས་ནས་རྐང་ཚུགས་ཏེ། འཛམ་གླིང་སྔོན་ཐོན་གྱི“བོད་སྐད་ཁུལ་ཆ་འཕྲིན་མཐོ་གནས”དང་། རྒྱལ་ཡོངས་མཉམ་སྤྱོད་ཀྱི“རྒྱལ་ཁབ་རིམ་པའི་ནུས་ཁུངས་གཙང་བཟོའི་གཞི་གྲངས་ཆེན་མོའི་ཐོན་ལས་རྟེན་གཞི”། རྒྱལ་ནང་ཆེས་སྔོན་ཐོན་གྱི“རྒྱལ་ཁབ་རིམ་པའི་འཐབ་ཇུས་གནོད་འགོག་གྲ་སྒྲིག་ལྟེ་གནས”དང་མཚོ་སྔོན་ཞིང་ཆེན་གྱི་རིག་ལྡན་གྲོང་ཁྱེར་དཔེ་སྟོན་ལྟེ་གནས། གཞི་གྲངས་ཆེན་མོའི་བེད་སྤྱོད་གསར་སྐྲུན་ལྟེ་གནས་བཅས་འཕེལ་རྒྱས་སུ་གཏོང་རྒྱུའི་འདོད་བློ་བཏོན།



ཡུལ་དངོས་སྐུ་མགྲོན།


     མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ་ཡིས་གསུངས་དོན། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་འཛུགས་པར་གནས་འདེམས་པ་དང་། ཐོན་ལས་གླིང་གི་འཆར་འགོད་རྒྱ་ཁྱོན་མུའུ1200ཡིན་ལ། དེར་སྲོག་ཤིང་གཅིག་ཁུལ་བཞི་སྟེ། སྲོག་ཤིང་གཅིག་ནི་གཞི་གྲངས་ཆེན་མོའི་སྲོག་ཤིང་ཐོན་ལས་ཁུལ་དང་། ཁུལ་བཞི་ནི་གཞི་གྲངས་ཆེན་མོའི་ཐོན་ལས་གསར་སྐྲུན་ཁུལ། གཞི་གྲངས་ཆེན་མོའི་ཉོ་ཚོང་ཁུལ། མཐོ་རིམ་ལས་རིགས་སློབ་གསོའི་ཁུལ། ཕྱོགས་བསྡུས་ཞབས་ཞུའི་ཁུལ་བཅས་ཡིན་ལ། དུས་སྐབས་གསུམ་དུ་དབྱེ་སྟེ་འཛུགས་སྐྲུན་དར་སྤེལ་བྱེད་པ་ཡིན། གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་དུས་སྐབས་དང་པོའི་ལས་གཞི་རྣམ་གྲངས་འཛུགས་སྐྲུན་མགོ་བརྩམས་ཟིན་ལ། འཆར་གཞི་ལྟར་ན་ལོ་འདིའི་ནང་གཞི་གྲངས་ཆེན་པོའི་ལྟེ་གནས་འཁོར་སྐྱོད་བྱེད་རྒྱུ་ཡིན། 



ཡུལ་དངོས་སྐུ་མགྲོན།


     མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོའི་རྨང་གཞིའི་ཞབས་ཞུ་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཁྱད་འཕགས་ཆ་རྐྱེན་འགའ་ལྡན་པར་མ་ཟད། རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ས་ཁོངས་རིགས་དབྱེ་ཚད་གཞིར་བརྟེན། མཚོ་ལྷོ་ཁུལ་ནི་གཞི་གྲངས་ཆེན་མོའི་ཐོན་ལས་འཛུགས་སྐྲུན་བྱེད་པའི་རིགས་དང་པོའི་ས་ཁུལ་ཡིན་ཞིང་། གཙང་བཟོའི་ནུས་ཁུངས་དང་། གནམ་གཤིས་ཀྱི་ཆ་རྐྱེན། ས་ཁོངས་ཀྱི་གནས་ཐིག  དེ་མིན་ཡོངས་འཛིན་གཞི་གྲངས་ཚན་རྩལ་སོགས་ལེགས་ཆ་ལྡན་ལ། མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར"རྨང་གཞི་བརྟན་པོ"བཏིངས།



མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཡོངས་འཛིན་སྟེགས་བུའི་འཐུས་ཚབ་པས་བརྗོད་དོན་གཏམ་བཤད་སྤེལ།


     ཧྭ་ཝེ་ནི་འཛམ་གླིང་སྔོན་ཐོན་གྱི་ཆ་འཕྲིན་དང་འཕྲིན་གཏོང་ཐག་གཅོད་ཐབས་ཚུལ་མཁོ་འདོན་བྱེད་མཁན་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ170ལྷག་ཏུ་ལས་རིགས་སྤེལ་བ་དང་འཛམ་གླིང་གི་མི་གྲངས1/3ལ་ཞབས་ཞུ་བསྒྲུབ་པ་ཡིན། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ལྟེ་གནས་ནི་ཧྭ་ཝེ་ཡིས་རྒྱལ་ཡོངས་ལ་སྤྲིན་ཞབས་ཞུའི་གནས33པ་དེ་ཡིན། མཚོ་ལྷོ་ཁུལ་གྱི་ལེགས་ཆར་བརྟེན་ནས། ཧྭ་ཝེས་མཚོ་ལྷོ་ཁུལ་དང་མཉམ་འབྲེལ་སྒོས་བོད་ཡིག་ཆ་འཕྲིན་ཅན་མཐོ་གནས་དང་། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཆེན་མོའི་ལྟེ་གནས། རྒྱལ་ཁབ་རིམ་པའི་འཐབ་ཇུས་གནོད་འགོག་གྲ་སྒྲིག་ལྟེ་གནས། ནུས་ཁུངས་གཙང་བཟོའི་གཞི་གྲངས་ཆེན་མོའི་ཐོན་ལས་རྟེན་གཞི་བཅས་འཛུགས་སྐྲུན་སྒོས། མཚོ་ལྷོ་ཁུལ་གྱི་སྲོལ་རྒྱུན་ཐོན་ལས་ཕྱོགས་བསྒྱུར་རིམ་སྤར་བྱ་རྒྱུ་དང་། མཚོ་ལྷོའི་གསར་རྣམ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།



ཧྭ་ཝེ་ཀུང་ཟིའི་དབུ་བཞུགས་བཟོ་བཀོད་པ་ཏོའུ་ཞའོ་ཧྥེང་གིས་བརྗོད་དོན་གཏམ་བཤད་སྤེལ།


     རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ལོ5ཡས་མས་སུ་དཔལ་འབྱོར་སྤྱི་ཚོགས་དང་དམངས་འཚོར་ཞབས་ཞུ་བསྒྲུབ་པའི་གཞི་གྲངས་ཆེན་མོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལས་རྣམ་གསར་བ་ལེགས་འགྲུབ་དང་། གཞི་གྲངས་ཆེན་མོ་དང་འབྲེལ་ཡོད་ཐོན་ལས་གཞི་རྒྱ་དེ་སྒོར་དུང་ཕྱུར200ལ་སླེབས་རྒྱུ་དེ་ཡིན། སྐབས་དེར། མཚོ་ལྷོ་ཁུལ་ནི་རྒྱལ་ནང་གི་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི“མཐོ་གནས”གཞན་ཞིག་ཡིན་ཡང་སྲིད།



ཡུལ་དངོས་ནས་གྲོས་ཆིངས་འཇོག་པ།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།