logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་ཀྱི་བརྒྱུད་རིམ་གསར་བ།

   2018ལོའི་ཟླ་5ཚེས་1ཉིན་ནས་བཟུང་། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་ཀྱི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། སྤྱི་བདེ་པུས་བཟོ་བཅོས་བརྒྱབ་པའི་བགྲོད་ལམ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བརྒྱུད་རིམ་གྱི་གཏན་འབེབས་(སྤྱི་བདེ་པུའི་བཀའ་རྒྱ་ཨང་146པ)ཡོངས་བསྒྲགས་བྱས་ཏེ་ལག་ལེན་བསྟར་བ་འདི་ལྟར།

   ལས་འཛོལ་བསྐྱར་ཞིབ་ཀྱི་བརྒྱུད་རིམ་དང་ཁྲིམས་གཏན་རོགས་སྐྱོབ་ཐབས་ལམ་འཐུས་ཚང་དུ་གཏོང་བའི་ཐད་ལམ་ལུགས་ཀྱི་བྱེད་ཐབས་བཞི་བཏོན་པ་སྟེ། གཅིག་ནས་དོ་བདག་གིས་ལས་འཛོལ་ཐག་གཅོད་ལ་འདོད་པ་མ་བྱུང་བར་བསྐྱར་ཞིབ་བྱེད་རྒྱུའི་རེ་བ་འདོན་པའི་ཁྱབ་ཁོངས་ཆེ་རུ་བཏང་ནས་འགྲིམ་འགྲུལ་ལས་འཛོལ་གྱི་དཔང་པོ་དང་། གོ་རིམ་སྟབས་བདེ་སྤྱད་ནས་ཐག་གཅོད་བྱས་པའི་ལས་འཛོལ་གྱི་བརྒྱུད་རིམ། ལམ་ཕྱིའི་ལས་འཛོལ་ལ་ཐག་གཅོད་བྱས་པའི་བརྒྱུད་རིམ་བཅས་རིགས་གསུམ་གྱི་གནས་ཚུལ་ཚང་མ་བསྐྱར་ཞིབ་རེ་ཞུའི་ཁྱབ་ཁོངས་སུ་བཅུག་ནས་ལས་འཛོལ་གྱོད་སྒྲུབ་ལ་ལྟ་སྐུལ་དང་མང་ཚོགས་ཀྱིས་ཁྲིམས་ལྟར་བསྐྱར་ཞུ་བྱེད་པའི་རེ་འདུན་ཚང་མ་སྐོང་བ་དང་། གཉིས་ནས་དོ་བདག་གིས་བསྐྱར་ཞིབ་བྱེད་རྒྱུའི་རེ་བ་འདོན་པར་སྔར་བས་སྟབས་བདེ་སྐྲུན་ཆེད། དེ་སྔའི་གཏན་འབེབས་ལྟར་གོང་རིམ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་བསྐྱར་ཞིབ་རེ་ཞུ་འདོན་ཆོག་པ་མ་ཟད། ཐད་ཀར་དེ་སྔའི་གྱོད་སྒྲུབ་ཚན་པར་བསྐྱར་ཞིབ་རེ་ཞུ་འདོན་ཆོག་པའི་གཏན་འབེབས་གསར་པ་བཟོས་ཏེ་མང་ཚོགས་ལ་ཕན་པ་སྐྲུན་པ།

  གསུམ་ནས་ལས་འཛོལ་གྱི་འགན་འཁྲི་བསྐྱར་ཞིབ་བྱེད་པའི་བརྒྱུད་རིམ་ནང་བསྐྱར་ཞིབ་ཨུ་ལྷན་འཛུགས་རྒྱུའི་གཏན་འབེབས་གསར་དུ་བསྣན་ནས་ལས་རིགས་ཀྱི་འཐུས་མི་དང་། སྤྱི་ཚོགས་ཀྱི་རིགས་གཅིག་མཁས་ཅན་ནམ་མཁས་དབང་སོགས་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་ལས་འཛོལ་ཐག་གཅོད་བྱེད་སྐབས། སྤྱི་དམངས་ཞུགས་ཚད་དང་ཡོངས་བསྒྲགས་ཁ་གསལ་ཡོང་ཚད་མཐོ་རུ་བཏང་ནས་དྲང་གཞག་དང་གཞུང་དྲང་གི་སྒོ་ནས་གྱོད་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བ། བཞི་ནས་འགྲིམ་འགྲུལ་ལས་འཛོལ་ཁྲིམས་འཛིན་བརྒྱུད་རིམ་ནང་བཅུག་ཚེ། བསྐྱར་ཞིབ་བྱ་མི་ཆོག་པའི་གཏན་འབེབས་མེད་པར་བཟོ་བ་དང་འབྲེལ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་བསྐྱར་ཞིབ་རེ་ཞུ་བདག་སྤྲོད་བྱ་རྒྱུའི་རེ་བ་བཏོན་རྗེས་བདག་སྤྲོད་བྱེད་ཚུལ་དང་བསྐྱར་ཞིབ་ཀྱི་མཇུག་སྡོམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུས་ནས་ཁྲིམས་འཛིན་གྱི་མ་གནས་ཆུང་དུ་བཏང་སྟེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་གང་ལེགས་བྱེད་པ། 

   ལས་འཛོལ་ཐག་གཅོད་ཀྱི་འགྲོ་སོང་ཚད་ལྡན་དུ་གཏོང་བ་དང་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་ལམ་ལུགས་ཀྱི་བྱེད་ཐབས་བཞི་བཏོན་པ་སྟེ། གཅིག་ནས་ལས་འཛོལ་ཐོན་ནས་བཀག་ཉར་བྱས་པར་འཁོར་རིགས་འཇོག་པའི་རིན་པ་བཀག་ཉར་བྱེད་མཁན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས་པ་ལས་དོ་བདག་གི་ས་ནས་ལེན་མི་ཆོག འོན་ཀྱང་སྤྱི་བདེ་དོ་དམ་སྡེ་ཚན་གྱིས་དོ་བདག་ལ་འཁོར་རིགས་ལེན་དགོས་པའི་བརྡ་ཐོ་བཏང་རྗེས། དོ་བདག་གིས་དུས་བཀག་ལྟར་རྩིས་མ་བླངས་ཚེ་དོ་བདག་གིས་འགན་འཁུར་དགོས་པ་དང་། གཉིས་ནས་ལས་འཛོལ་ལ་ཞིབ་དཔྱད་དང་དཔྱད་འདོམས་བྱེད་དགོས་རིགས་ལ་འགྲོ་སོང་ཚང་མ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས་པ་ལས་མང་ཚོགས་ཀྱི་ས་ནས་བསྡུ་མི་ཆོག་པ། གསུམ་ནས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་རླངས་འཁོར་འཇོག་སར་བཀག་ཉར་བྱས་པའི་ལས་འཛོལ་འཁོར་རིགས་གཞག་མི་ཆོག་པ་དང་། སྒྲིག་འགལ་ངང་རིན་པ་བསྡུ་བ་སོགས་ཀྱི་གནད་དོན་མི་ལྷག་པ་བྱེད་དགོས་པ།

   བཞི་ནས་ཁྲིམས་ལྟར་འཁོར་རིགས་བཀག་ཉར་བྱས་པའི་གནས་ཚུལ་ཕུད། ལས་འཛོལ་དོ་བདག་ལ་རང་ཉིད་ཀྱིས་འཁོར་འཐེན་ཚན་པར་འབྲེལ་གཏུག་བྱེད་དབང་སྤྲོད་དགོས། དོ་བདག་གིས་དུས་ཐོག་ཏུ་འཁོར་རིགས་འཐེན་མ་ཐུབ་པར་ལམ་འགག་པ་དང་བདེ་འཇགས་ལ་གནོད་འཚེ་བཟོ་བའི་གནས་ཚུལ་ཐོན་ཚེ། འགྲིམ་འགྲུལ་ཉེན་རྟོག་པས་གཞི་ནས་ཐོབ་ཐང་ཡོད་པའི་འཁོར་འཐེན་ཚན་པར་བརྡ་ཐོ་བཏང་ནས་འཁོར་རིགས་འགྲིམ་འགྲུལ་ལ་འགོག་རྐྱེན་མི་བཟོ་བའི་ས་ཆར་འཐེན་དུ་འཇུག་ཆོག་པ་ཡིན།  

  གྱོད་སྒྲུབ་ཀྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་ཐག་གཅོད་ཀྱི་ལས་ཆོད་མཐོ་རུ་གཏོང་བའི་ཐད་ལམ་ལུགས་ཀྱི་བྱེད་ཐབས་བཞི་བཏོན་པ་སྟེ། གཅིག་ནས་མི་སྣ་ཤི་རྨས་བྱུང་མེད་པའི་རྒྱུ་ནོར་གྱོང་གུན་གྱི་ལས་འཛོལ་རིགས། དོ་བདག་གིས་གནས་ཚུལ་ཐོན་སར་པར་བརྒྱབ་པའམ་ཡང་ན་ལས་འཛོལ་ཐོན་སར་ཐིག་འཐེན་རྗེས། གནས་ཚུལ་ཐོན་ས་ནས་ཕྱིར་འཐེན་བྱས་ཏེ་བསྐྱར་དུ་ཐག་གཅོད་བྱ་རྒྱུའི་གྲོས་མོལ་བྱས་ནས་ལས་འཛོལ་ཆུང་ངུ་ཐོན་ས་ནས་ཕྱིར་འཐེན་བྱེད་ཚད་སྔར་བས་ཆེ་རུ་གཏོང་བ་ལས། དེའི་དབང་གིས་དོན་རྐྱེན་གཉིས་པ་དང་ལམ་འགག་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་པ་དང་། གཉིས་ནས་མི་སྣ་ཤི་རྨས་བྱུང་མེད་པའི་རྒྱུ་ནོར་གྱོང་གུན་གྱི་ལས་འཛོལ་རིགས། དོ་བདག་གིས“འགྲིམ་འགྲུལ་དོ་དམ་12123”གྱི་ཁ་པར་གྱི་APPསོགས་བརྒྱུད་རང་གིས་གྲོས་མོལ་ཐག་གཅོད་བྱས་ནས་ལས་འཛོལ་ཐག་གཅོད་དང་སྐྱིན་གསབ་ཀྱི་དུས་ཚོད་ཐུང་དུ་གཏོང་དགོས་པ།  གསུམ་ནས་དོ་བདག་གིས་ཉེན་རྟོག་པར་སྙན་སེང་ཞུས་པའི་མི་སྣ་ཤི་རྨས་བྱུང་མེད་པའི་རྒྱུ་ནོར་གྱོང་གུན་གྱི་ལས་འཛོལ་རིགས། འགྲིམ་འགྲུལ་ཉེན་རྟོག་པ་དང་ཉེན་དོན་ལས་རོགས་མི་སྣས་ཁ་པར་དང་། སྐད་འཕྲིན། འཕྲིན་ཐུང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དོ་བདག་གིས་གྲོས་མོལ་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས་པ།བཞི་ནས་བྱུང་རྐྱེན་ཁ་གསལ་བ་དང་དོ་བདག་ལ་བསམ་འཆར་མེད་པའི་མི་སྣ་རྨས་སྐྱོན་ཕོག་པའི་ལས་འཛོལ་རིགས། འདྲ་མཉམ་རང་མོས་ཀྱི་རྩ་དོན་གཞིར་བཟུང་། དོ་བདག་གིས་ཕྱོགས་ཁག་ལ་རེ་ཞུ་བྱས་རྗེས་མགྱོགས་མྱུར་ཐག་གཅོད་བྱས་ནས་ལས་འཛོལ་ཐག་གཅོད་ཀྱི་དུས་ཡུན་ཐུང་དུ་གཏོང་དགོས།

  ཡོངས་བསྒྲགས་ཁ་གསལ་ལ་ཤུགས་སྣོན་དང་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་གསུམ་བཏོན་པ་སྟེ། གཅིག་ནས་ཉེན་དོན་ཡོངས་བསྒྲགས་ཀྱི་བླང་བྱ་གཞིར་བཟུང་། དྲ་སྦྲེལ་ཐོག་ལས་འཛོལ་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་བྱེད་ཐབས་ཁྱབ་གདལ་བཏང་ནས་ཁྲིམས་འཛིན་གྱོད་སྒྲུབ་བྱ་སྤྱོད་དེ་བས་ཁ་གསལ་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་སྔར་ཡོད་ཀྱི་མི་སྣ་འཆི་བའི་ལས་འཛོལ་གཏན་འཁེལ་མ་བྱས་གོང་དཔང་རྟགས་ཡོངས་བསྒྲགས་བྱེད་དགོས་ཁར། དཔང་རྟགས་ཡོངས་བསྒྲགས་བྱེད་ཁོངས་རྙོག་འཛིང་དང་དོགས་གནད་ཆེ་བའི་མི་སྣ་ཤི་རྨས་ཀྱི་ལས་འཛོལ་ཕྱོགས་སུ་རྒྱ་སྐྱེད་གཏོང་དགོས། གསུམ་ནས་འགྲིམ་འགྲུལ་ཉེན་རྟོག་པས་ལས་འཛོལ་ཐག་གཅོད་བྱེད་སྐབས་གཏན་འབེབས་ལྟར་ཁྲིམས་འཛིན་ཐོ་འགོད་སྒྲིག་ཆས་སྤྱད་ནས་ཁྲིམས་འཛིན་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་སོ། 

  གཞན་ཡང་བཟོ་བཅོས་བརྒྱབ་རྗེས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བརྒྱུད་རིམ་གྱི་གཏན་འབེབས་ནང་འགྲིམ་འགྲུལ་ལས་འཛོལ་བཟོས་ཏེ་བྲོས་བྱོལ་ཕྱིན་པའི་བྱེད་སྤྱོད་ལ་སྔར་བཞིན་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་མང་ཚོགས་ཤི་རྨས་ཀྱི་ལས་འཛོལ་ལ་བརྟག་དཔྱད་གཏིང་ཟབ་དང་ལས་འཛོལ་སྔོན་འགོག་སོགས་ཀྱི་ཐད་ལའང་གཏན་འབེབས་ཁ་གསལ་བཟོས་པ་དེས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་འཛོལ་སྔོན་འགོག་ནུས་ལྡན་བྱ་རྒྱུར་ཕན་པ་ཡོད། 

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།