logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

གློག་རྡུལ་འཕྲུལ་ཆས་དོགས་ཡོད་རླངས་འཁོར་དབྱེ་ཞིབ་བྱེད་པའི་བརྡ་ཐོ།

    འགྲིམ་འགྲུལ་དོན་རྐྱེན་བྱ་བར་སྔོན་འགོག་གཙོ་བོར་འཛིན་པ་དང་།འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་མི་བྱེད་པར་ཁྲིམས་འགལ་བྱ་སྤྱོད་སྐོར་ལ་རྡུང་རྡེག་དྲག་པོ་དང་ཐག་གཅོད་ཕྱིར། 2018ལོའི་ཟླ5ཚེས1ཉིན་ནས་བཟུང་ཉེན་རྟོག་གློག་རྡུལ་འཕྲུལ་ཆས་དཔང་ལེན་དང་འདུས་གྲུབ་བཀོད་འདོམས་ལས་སྟེགས་བརྒྱུད་ནས་དོགས་ཡོད་རླངས་འཁོར་བྱེད་ལས་དབྱེ་ཞིབ་བྱས་ཏེ།རླངས་འཁོར་ཨང་རྟགས་རྫུན་བཟོ་དང་བསྒྱུར་བཟོ།ཨང་རྟགས་རྫུན་མ།རླངས་འཁོར་ཞིབ་གཤེར་རྩིས་ལེན་དུས་ལས་བརྒལ་བ། རླངས་འཁོར་དུས་ལས་ཡོལ་བ་ལྷག་མེད་དུ་མ་བཏང་བ།ཉེན་འགོག་སྐྱོབ་ཐག་རྒྱབ་མེད་པ། རླངས་འཁོར་བསྐོར་ཞོར་ཏུ་ཁ་པར་གཏོང་བ་སོགས་ལ་ལས་ཡུལ་དངོས་སུ་ཕབ་འཇུག་འཚོལ་བསྡུ་བྱེད་རྒྱུ་ཡིན་ལ། རེ་བ་ནི་རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་རང་རྟོགས་ཀྱིས་འགྲིམ་འགྲུལ་སྒྲིག་ཁྲིམས་ལ་བརྩི་སྲུང་དང་རླངས་འཁོར་བདེ་འཇགས་བྱ་བར་འགན་ལེན་བྱེད་རྒྱུ་དེ་ཡིན།



ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།