logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་ཚོང་བྱས་པའི་གྱོད་དཔེ།

 ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་གཙང་བཤེར་གྱི་དུས་ཚོད་ལ་སླེབས་སྐབས། ལོ་གཅིག་རིང་། འགྲིམ་འགྲུལ་བཅའ་ཁྲིམས་ལས་ཐེངས་མང་འགལ་བའི་ཁ་ལོ་བས་ཞིབ་བཤེར་བདེ་བླག་ཡོང་ཆེད། མི་གཞན་གྱི་ལག་ནས་ཁ་ལོ་བའི་ལག་ཁྱེར་གཡར་ནས་སྐར་མ་སུབ་ཐབས་བྱེད་པ་དང་། ཐ་ན་མི་ཁག་གཅིག་གིས་དངུལ་མང་པོ་སྤྲད་ནས་སྐར་མ་ཉོ་བ་དང་སྐར་མ་ཚོང་མཁན་ཁག་གཅིག་གིས་རང་ཉིད་ཀྱི་སྐར་མ་འཚོང་གི་ཡོད། ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་ཚོང་བྱེད་པ་ནི་བཅའ་ཁྲིམས་ཀྱི་ངོས་ནས་བརྗོད་ན་ཁྲིམས་འགལ་གྱི་ཁོངས་སུ་གཏོགས་པས། གལ་སྲིད་ཤེས་རྟོགས་བྱུང་ཚེ་སྲིད་འཛིན་བཀག་ཉར་ཉིན་5ནས་10བར་བྱེད་ཀྱི་ཡོད།

1.jpg


ཉེ་དུས། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ལ་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་འབྱོར་བ་དང་། བཀོད་འདོམས་ལྟེ་གནས་ཀྱིས་ཉེན་རྟོག་པ་མངགས་གཏོང་བཅས་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་དུ་འཁྱམ་མྱུལ་བྱེད་མཁན་ཁག་གཅིག་གིས་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་འཚོང་ཐེངས་གཅིག་གམ་ཡང་ན་སྐར་མ་རེ་ལ་སྒོར་3500ནས་སྒོར་6000བར་བྱས་ཏེ་འཚོང་བ་ཤེས་རྟོགས་བྱུང་བ་དང་། བྱ་སྤྱོད་དེ་རིགས་ཀྱིས་ཚད་གཞི་ངེས་ཅན་ཞིག་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་སྣང་མེད་དུ་བཏང་སྟེ་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་རེད།

2.jpg

2017ལོའི་ཟླ་12པའི་ཚེས་26དང་27ཉིན། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྐད་འཕྲིན་ཚོགས་པ་Vདང་། ལྷ་སའི་སྨྱན་སྦྱོར་ཀུང་སི་ག་གེ་མོ། ཁྲེང་ཀོན་ཀུན་རྟོགས་སོགས་གཙོ་བོར་བྱས་པའི་སྐད་འཕྲིན་ཨང་རྟགས་ཀྱིས་སྐར་མ་འཚོང་བའི་ཆ་འཕྲིན་འབོར་ཆེན་བཀྲམ་པ་ཤེས་པ་མ་ཟད། སྐར་མ་འཚོང་མཁན་གྱི་སྤྱི་ཚོགས་འཁྱམ་མྱུལ་བ་ཡང་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་བ་རེད།

4.jpg

བརྟག་དཔྱད་གསལ་པོ་བྱས་པ་བརྒྱུད། ཀྲང་ཆེ་གེ་མོ་དང་། ཝུའུ་ཆེ་གེ་མོ། ཝང་ཆེ་གེ་མོ། ལི་ཆེ་གེ་མོ། སུན་ཆེ་གེ་མོ། ཞུས་ཆེ་གེ་མོ་སོགས་མི་དྲུག་གིས་མི་གཞན་གྱི་ཚབ་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱས་པའི་དོགས་པ་ཡོད་པ་དང་། དེའི་ཁྲོད་ཀྱི་ཀྲང་ཆེ་གེ་མོས་མི་གཞན་གྱི་ཚབ་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་སྐར་མ་81ཐག་གཅོད་བྱེད་རོགས་བྱས་ནས་ཁེ་བཟང་སྒོར་14000བླངས་པ་རེད། གོང་གསལ་ཤེས་རྟོགས་ཐུབ་པའི་ཁྲིམས་འགལ་བ་དེ་དག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་ཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་བས་དངུལ་ཆད་དང་སྲིད་འཛིན་བཀག་ཉར་གྱི་ཉེས་ཆད་ཕོག་རྒྱུ་རེད།

གྱོད་དཔེ་འདི་དག་ལས་ཤེས་གསལ།   ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་ཚོང་བྱས་པ་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་ཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཡོད་པས།   ངེད་མཚོ་ལྷོ་འགྲིམ་འགྲུལ་ཉེན་རྟོག་པས་རེ་བ་འདོན་རྒྱུ་ཞིག་ནི་མི་སུ་དང་སུ་ཡིན་རུང་འདི་འདྲའི་བྱ་བ་དང་ལས་ལ་མི་ཞུགས་པར་ཞུ།




ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།