logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

སེམས་ཀྱིས་འཚོས་པའི་༢༠༡༨ལོའི་མཐར་ཕྱིན་སློབ་མ་དང་དེ་དག་གི་ཡོད་ཚད།

2018-06-25 10:16ཀོས་ནན་སྲིད་དོན། རྩོམ་པ་པོ།:

    མང་རྫོང་མི་རིགས་སློབ་འབྲིང་གི༢༠༡༨ལོའི་དམའ་གསུམ་ལོ་རིམ་སྡེ་ཁག་ལ་ཁྱོན་བསྡོམས་འཛིན་གྲྭ་བཅུ་ཡོད་ཅིང་། འདས་པའི་ལོ་གསུམ་གྱི་རིང་ལ་ལོ་རིམ་ཚན་གཙོ་ཆོས་ལྡན་དང་རྡོ་རྗེ་གཉིས་ཀྱིས་རང་སློབ་གྲྭའི་གོང་རིམ་མགོ་ཁྲིད་ཀྱི་བླ་མེད་མཛུབ་སྟོན་དང་།   རང་སློབ་གྲྭའི་སྲོལ་རྒྱུན་རང་བཞིན་གྱི་སློབ་གསོ་སློབ་ཁྲིད་ཀྱི་གོམས་གཤིས་དང་གདམ་པ་བརྒྱུད་འཛིན་བྱས་ཐོག   འཛིན་གྲྭ་སོ་སོའི་འཛིན་བདག་དང་དགེ་རྒན་ཉམས་མྱོང་ཅན། སློབ་མའི་ལས་བྱེད་མི་སྣ་བཅས་ཀྱི་རྒྱབ་སྐྱོར་དང་མཉམ་འབྲེལ།   རོགས་རེས་དང་དམ་འཛིན་བཅས་ལ་བརྟེན་ནས་སྡེ་ཁག་རང་གི་ཁྱད་ཆོས་འཛོམས་པའི་སློབ་སྦྱོང་གི་ཁ་དབུགས་བཟང་བོ་ཞིག་བསྐྲུན་ཡོད་པར་མ་ཟད།  གཞན་དུ་ལུས་རྩལ་དང་རིག་རྩེད་ལ་སོགས་སློབ་ཕྱིའི་བྱ་འགུལ་སྣ་ཚོགས་ཀྱི་ཁྲོད་ནས་ཀྱང་ལོ་རིམ་སྡེ་ཁག་གཞན་ལ་ངོམ་དུ་རུ་བའི་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད།  དེས་ནི་ལོ་རིམ་སྡེ་ཁག་གཞན་ལའང་བག་ཆགས་དང་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཏེ།  སློབ་གྲྭ་ཡོངས་ཀྱི་དགེ་སློབ་གཉིས་ཀའི་མིག་དཔེ་རུ་གྱུར་ཡོད་པ་རེད།

1.jpg

2.jpg

3.jpg



ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།