logo སྐྱེ་ཁམས་ཁོར་སྲུང་། ཞིབ་ཕྲའི་གནས་གནས་ཚུལ།

ཐུན་ཏེ་རྫོང་གིས་བྱེད་ཐབས་སྣ་གསུམ་ལ་བརྟེན་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱས་ཏེ་ཕན་འབྲས་མངོན་གསལ་བླངས།

      ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་འགན་འཁྲི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ལ། བྱེད་ཐབས་སྣ་གསུམ་བཏོན་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་འགན་སྲུང་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་གྱི་ཚ་རླབས་འཕྱུར་བར་བྱས།

      ནགས་བསྐྲུན་ལྗང་བསྒྱུར་གྱི་དོན་སྙིང་གལ་ཆེན་དྲིལ་སྒྲོག་ཆེས་ཆེར་བྱེད་པ་དང་། མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ནགས་བསྐྲུན་ལྗང་བསྒྱུར་གྱི་སྣང་ཚུལ་སྟུག་པོ་ཆགས་སུ་འཇུག་ཆེད། ཐུན་ཏེ་རྫོང་གིས་ནགས་འཛུགས་པར་འཚམ་པའི་ས་ཆ་བེད་སྤྱོད་གང་ལེགས་བྱས་ནས། སྦས་ཤུགས་སྔོག་འདོན་དང་ནགས་འཛུགས་པར་འཚམ་སར་ནགས་འཛུགས་པ། སྟོང་བ་གཅིག་ཀྱང་མི་འཇོག་པའི་རེ་བ་ལྟར། འོས་འགན་སྡོང་འཛུགས་བྱ་བ་ནན་ཏན་སྒོས་སྤེལ། ལོ་ཧྲིལ་བོའི་འཆར་གཞི་ནི་སྡོང་ཕྲུག་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་ལྷག་འཛུགས་རྒྱུ་དེ་རེད། དེ་དང་མཉམ་དུ། ནགས་སྐྲུན་ལྗང་བསྒྱུར་སྤེལ་ཚད་ལ་ཁག་ཐེག་བྱེད་ཆེད། ནགས་སྐྲུན་བྱེད་སའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། ས་ཁོངས་མི་འདྲ་སའི་ཆ་རྐྱེན་གཞིར་བཟུང་ནས། ལྗོན་ཤིང་གི་རིགས་སྣ་བདམས་ནས་འདེབས་འཛུགས་བྱས་པ་དང་། སྡོང་ཕྲུག་ཉོ་བའི་ཐད་ནས་འཛིན་ཡིག་གསུམ་དང་ཆོག་མཆན་འགོད་པ་གཅིག་གི་ལམ་ལུགས་ལག་བསྟར་བྱས་ཏེ། སྡོང་ཕྲུག་གཏོང་འདྲེན་དང་གནོད་ལྡན་སྐྱེ་དངོས་ལ་ཡུལ་དངོས་ནས་བརྟག་དཔྱད་བྱེད་པ་སོགས་ཀྱི་ལྟ་སྐུལ་དོ་དམ་བྱ་བ་གཟབ་ནན་སྒོས་བསྒྲུབས། མིག་སྔའི་བར་དུ། ཐུན་ཏེ་རྫོང་གིས་ས་སྤྱི་ཆིངས་བརྒྱ་དང་རེ་བདུན་ལ་སྡོང་འཛུགས་ནགས་སྐྲུན་དང་ལྗང་བསྒྱུར་བྱས།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།