logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

“རྫོང་རུ་རྟགས་མའི”མཐོ་སྒང་རྐང་རྒྱུག་འགྲན་བསྡུར་སྤེལ་རྒྱུ་རེད།

2018-05-17 10:59 རྩོམ་པ་པོ།:

  ཐུན་ཏེ་རྫོང་གིས་2008ལོའི“རྫོང་རུ་རྟགས་མའི”མཐོ་སྒང་ལྗོངས་ཕྱིའི་འགྲན་བསྡུར་སྐབས་དང་པོ་ཟླ6པའི་ཚེས10ཉིན་སྤེལ་རྒྱུ་རེད།

   འགྲན་བསྡུར་དེ་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཐུན་ཏེ་རྫོང་མི་དམངས་སྲིད་གཞུང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས།ཞིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི།མཚོ་སྔོན་ཞིང་ཆེན་ལྗོངས་ཕྱིའི་འདུར་རྒྱུག་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབ་རྒྱུ་རེད།

   ཐུན་ཏེ་རྫོང་ནི་རྫོང་རུ་རིག་གནས་ཀྱི་ཕ་ས་ཡིན་ལ། 1995ལོ་ནས1996ལོའི་བར་དུ། ཐུན་ཏེ་རྫོང་ཁོངས་སུ་ཞབས་བྲོ་འཁྲབ་བཞིན་པའི་འདྲ་རིས་སྣང་བའི་རྫ་ཕོར་དང་།མི་གཉིས་ཀྱིས་རྡོ་བ་འགྱོགས་བཞིན་པའི་འདྲ་རིས་སྣང་བའི་རྫ་ཕོར་སོགས་གནའ་རྫས་མང་པོ་གསར་དུ་རྙེད་ཅིང་།དེར་རིག་གནས་ཀྱི་དོན་སྙིང་ཁྱད་དུ་འཕགས་པ་ཞིག་ལྡན་ཕྱིར་མིང་ལ་རྫོང་རུ་རིག་གནས་ཞེས་བཏགས། རྫོང་རུ་རིག་གནས་ལ་མཐོ་སྒང་མི་རིགས་ཏེ། དཔེར་ན་བོད་རིགས་དང་ཆའང་རིགས་ཀྱི་བྱུང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས།མི་རིགས་ཕན་ཚུན་འགྲོ་འོང་གི་ལོ་རྒྱུས་ཞིབ་འཇུག་ལ་དགེ་མཚན་ཆེན་པོ་ལྡན་ལ།ཟུར་གཞན་ཞིག་ནས་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་དེ་གནའ་དུས་སུ་ས་སྟོང་ཞིག་མིན་པར། ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་ཤིག་ཡིན་པའང་ཤེས་ཐུབ།

   2018ལོའི་ཐུན་ཏེ་རྫོང་གི “རྫོང་རུ་རྟགས་མའི”མཐོ་སྒང་ལྗོངས་ཕྱིའི་འགྲན་བསྡུར་སྐབས་དང་པོ་དེ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་རྫོང་རུའི་གནའ་ཤུལ་དང་།རྨ་ཆུ་སྔོན་མོའི་འགྲམ་ངོགས་སོགས་རི་ལུང་ཐང་གསུམ་མང་པོ་བརྒྱུད་དགོས་ཤིང་།འགྲན་བསྡུར་རྣམ་གྲངས་འདི་ལྟ་བུ་ཞིག་སྤེལ་བ་ཡིས་འགྲན་ཞུགས་པ་རྣམས་མཚོ་བོད་མཐོ་སྒང་གི་རང་བྱུང་མཛེས་པར་དངོས་སུ་རོལ་མྱོང་དང་རྫོང་རུ་རིག་གནས་ལ་ཉེ་བར་བཅར་པའི་གོ་སྐབས་ཤིག་ཀྱང་སྐྲུན་པ་རེད།

   ལྗོངས་ཕྱིའི་འགྲན་བསྡུར་ནི་ཕྱི་རོལ་རང་བྱུང་གི་ཁོར་ཡུག་ཁྲོད་རྐང་རྒྱུག་བྱེད་པའི་ལུས་རྩལ་བྱ་འགུལ་ཤིག་ཡིན་ལ། འགྲན་བསྡུར་གྱི་སྤྱིའི་ལམ་ཐིག་གི་རིང་ཚད་ལ་སྤྱི་བཏང་དུ་སྤྱི་ལེ40ཡན་ཡོད་ཅིང་། འགྲན་བསྡུར་རྩ་འཛུགས་ཨུ་ཡོན་གྱི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་སྤྱི་ལེ50ཅན་དང་སྤྱི་ལེ35ཅན། སྤྱི་ལེ8ཅན་བཅས་རིམ་པ་གསུམ་དུ་བགོས་ཡོད།

2018ལོའི་ “རྫོང་རུ་རྟགས་མའི”མཐོ་སྒང་ལྗོངས་ཕྱིའི་འགྲན་བསྡུར་ནི་ས་གནས་ཀྱིས་བསྡུས་པའི“རྫོང་རུ་རིག་གནས་ལུས་རྩལ་ལྗོངས་རྒྱུ”ལ་བརྟེན་ནས་རྫོང་རུའི་རིག་གནས་རྒྱུས་ལོན་དང་། ཡར་ཐོན་བདེ་ཐང་། རང་བྱུང་ཁམས་ཀྱི་མཛེས་པར་རོལ་མྱོང་། ལྗང་མདོག་ཁོར་སྲུང་གི་ལུས་རྩལ་འགྲན་བསྡུར་ཤིག་ཡིན་ལ།རིག་གནས་གནས་སྐོར་དང་།མི་དང་རང་བྱུང་།སྐྱེ་ཁམས་སྲུང་སྐྱོབ་དང་མི་དམངས་ཀྱི་ལུས་ཕུང་སྦྱོང་བརྡར་བཅས་གཞི་གཅིག་ཏུ་གྲུབ་པའི་ལྗོངས་ཕྱིའི་ལུས་རྩལ་བྱ་འགུལ་ཞིག་ཡིན།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།