logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

ང་ཚོས་ཆུང་དུས་ནས་ཡིག་གཟུགས་སྦྱོང་།

2018-05-07 18:26 རྩོམ་པ་པོ།:

      ཡི་གེ་གང་དང་གང་ཞིག་ཡིན་ཡང་དེ་ཉིད་ཁོང་དུ་ཆུད་དགོས་ན། ཐོག་མར་འབྲི་ཀློག་ནས་མགོ་རྩོམ་དགོས་པ་ཆོས་ཉིད་ཡིན་པས་ཡིག་གཟུགས་ཚད་ལྡན་ཞིག་འབྲི་རྒྱུ་ནི་ཡི་གེ་གང་དེ་སློབ་པའི་རྩ་བའི་རྨང་གཞི་ལྟ་བུར་ཆགས་ཡོད་པ་ཡིན། 

       རྒྱལ་ཡོངས་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོར། སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བོད་ཀྱི་ཡིག་གཟུགས་ཀྱི་རིག་གནས་ནང་བཅུད་སྔོག་འདོན་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་བཅས་ལ་དམིགས་ནས་གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོས2018ལོའི་ཟླ4པའི་ཚེས29ཉིན་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་ཏེ་སྐབས་གཉིས་པའི་ཡིག་གཟུགས་དུས་ཆེན་བསུས།  

      ཐེངས་འདིའི་འགྲེམས་སྟོན་བརྩམས་ཆོས་ནི་གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་བརྩམས་ཆོས་ཁྲོད་ཀྱི་བརྩམས་ཆོས༡༣༣བདམས་ཏེ་འགྲེམས་སྟོན་བྱས་ཤིང་། སློབ་གྲྭའི་དགེ་སློབ་སྟོང་གཉིས་དང་བརྒྱ་ལྷག་གིས་འགྲེམ་སྟོན་ཡུལ་དངོས་ནས་བདམས་ཐོན་བྱུང་བའི་ཡིག་གཟུགས་བརྩམས་ཆོས་དག་ལ་རོལ་མྱོང་བྱས།

      ཐེངས་འདིའི་འགྲེམ་སྟོན་གྱིས་གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོའི་དགེ་སློབ་ཡོངས་ཀྱི་འཇོན་ཐང་མཚོན་ཡོད་པར་མ་ཟད། དགེ་སློབ་རྣམས་ཡིག་གཟུགས་དང་ཡིག་གཟུགས་སྦྱོང་རྒྱུར་དགའ་བའི་སྤྲོ་བ་ཇེ་ཆེར་བཏང་སྟེ།  སློབ་གྲྭའི་བོད་ཡིག་སློབ་ཁྲིད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་།

4.jpg

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།