logo རྒྱལ་ནང་གསར་འགྱུར། ཞིབ་ཕྲའི་གནས་གནས་ཚུལ།

ཝང་ཡང་གིས་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་ཀྱི་གྲོས་དཔོན་ལ་མཇལ་འཕྲད་གནང་།

2018-04-25 15:37ཞིན་ཧྭ་གསར་འགྨུར་དྲ་བ། རྩོམ་པ་པོ།:

1.jpg

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་པེ་ཅིང་ནས་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་ཀྱི་གྲོས་དཔོན་ཞི་མིས་ནཱ་ལ་མཇལ་འཕྲད་གནང་།

   ཝང་ཡང་གིས་གསུངས་རྒྱུར། ཀྲུང་གོ་དང་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་བར་འབྲེལ་བ་བཙུགས་པའི་ཚུན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་སོང་བ་དང་། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁི་ལིས་སི་ཆིན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྲོགས་པོའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་མུས་ཁི་ལའོ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁང་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་བརྗེ་རེས་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་། གནས་སྐོར་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་སྐྱེད་དེ། ཀྲུང་གོ་དང་མུས་ཁི་ལའོ་ཉི་ཞི་ཡ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་བར་གྱི་བརྗེ་རེས་དཔེ་བལྟ་ལ་ཤུགས་སྣོན་པ་དང་། རྣམ་པ་མི་འདྲ་བའི་མཉམ་ལས་སྣ་ཚོགས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

  ཞི་མིས་ནཱ་ཡིས་བསྟན་དོན། མུས་ཁི་ལའོ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་དམ་སྲུང་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ཤུགས་སྣོན་འདོད་ཡོད་ཟེར།

ཞཱ་པའོ་ལོང་མཇལ་འཕྲད་ལ་ཞུགས།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།