logo སྐྱེ་ཁམས་ཁོར་སྲུང་། ཞིབ་ཕྲའི་གནས་གནས་ཚུལ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར1.9རོགས་སྐྱོར་བྱས།

2018-04-20 11:17མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

      ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ལ2018ལོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་སྤྱོད་སྔོན་རྩིས་མ་དངུལ་སྒོར་ཁྲི19488རྩིས་སྤྲོད་བྱས། དེའི་ཁྲོད་མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་བཅོས་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཐད་སྒོར་ཁྲི18551བཏང་བ་དང་། ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད་ཀྱི་གཙོ་གནད་ལས་གཞི་ཐད་མ་དངུལ་སྒོར་ཁྲི937བཏང་ཡོད།

      ལས་གཞི་དུས་ལྟར་ལས་འགོ་བརྩམ་རྒྱུ་དང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཕན་ནུས་འདོན་པ་བཅས་ལ་འགན་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་དངུལ་གཏོང་འཆར་གཞི་བཟོས་ཤིང་། ཟི་ལིང་དང་མཚོ་ནུབ། རྨ་ལྷོ། མཚོ་ལྷོ། ཡུལ་ཤུལ་སོགས་ས་ཁུལ་དུ་བསྡོམས་པས་ལས་གཞི18ཡོད་ཅིང་། ལས་གཞི་དེ་དག་གི་ཐད་བསྡོམས་པས་མ་དངུལ་སྒོར་ཁྲི63972གཏོང་བར་བཀོད་སྒྲིག་བྱས།

      མ་དངུལ་འདི་དག་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་བཅོས་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ལ། ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད་གཙོ་གནད་ལས་གཞིའི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱེད་ཐུབ། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། གོང་གི་ས་ཁུལ་གྱི་མཁར་གྲོང་གི་བཙོག་ཆུ་འཚོལ་སྡུད་དང་། གཙང་བཅོས་ནུས་ཤུགས། འཚོ་བའི་གད་སྙིགས་གཙང་བཅོས་ནུས་ཤུགས་བཅས་ཕན་ནུས་ལྡན་པའི་ངང་ནས་མཐོར་འདེགས་བཏང་སྟེ་ས་གནས་དེ་དག་གི་སྡོད་དམངས་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་ཐུབ་བོ།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།