logo དམངས་སྲོལ་རིག་གནས། ཞིབ་ཕྲའི་གནས་གནས་ཚུལ།

སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་བསྡུ་བའི་བརྡ་སྦྱོར།

                                     རྗོད་བྱེད་ཚིག་གི་རྒྱ་མཚོའི་རླབས་འཕྱུར་ཞིང་།།

                                     བརྗོད་བྱའི་དོན་ལ་འཛད་པའི་མཐའ་མེད་པ།།

                                     རིང་ཐུང་གདངས་ཀྱི་འགྱུར་ཁུགས་ཉམས་རྫོགས་པ།།

                                     སྡེ་ཆེན་རྩེད་ར་སྲིད་པའི་རྒྱན་ཏུ་གྲུབ།།

གྲོགས་པོ་རྣམ་པ། ད་ལོ་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མཛའ་གཞས་འགྲན་སྡུར་སྐབས་དྲུག་པ་བསྡུ་རྒྱུ་རེད།

   མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མཛའ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་དེ་སྤྱི་ཟླ་དྲུག་པའི་ཟླ་སྟོད་ནས་བཟུང་མཚོ་ལྷོ་འགྲན་ཁུལ་དང་། མཚོ་བྱང་འགྲན་ཁུལ། མཚོ་ནུབ་འགྲན་ཁུལ། རྨ་ལྷོ་འགྲན་ཁུལ། མགོ་ལོག་འགྲན་ཁུལ་བཅས་ནས་རིམ་བཞིན་སྤེལ་རྒྱུ་རེད། བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་དེ་སྤྱི་ཟླ་དགུ་བའི་ཟླ་སྟོད་དུ་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་ཡིན་པས།འགྲན་སྡུར་ལ་ཞུགས་འདོད་པའི་གླུ་བ་གླུ་མ་དག་གིས་སྔ་མོ་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེ་ལ། བྱེ་བྲག་གི་འགྲན་སྡུར་དུས་ཚོད་ང་ཚོས་སྐབས་དེར་བརྡ་སྦྱོར་བྱེད་ངེས།

1.jpg

ཁ་ལ་གཞས་རྩེད་མགོ་སྟོད་ལ་ལེན།།

ངས་སྟོད་ཀྱི་ན་དམར་གཞུང་ལ་ལེན།

རྐྱང་ཁ་དཀར་རྩེད་སྲོལ་འཕྲ་རྩེད་རེད།།

རྒྱེའུ་རྒྱ་མོ་རྩེད་སྲོལ་རྔོག་རྩེད་རེད།།

ཨ་ཤུ་རེ་བརྩེ་བ་གན་ལྟར་རྩེད།།

ཟོག་དུད་འགྲོ་ཡིན་རུང་སྐྱིད་པོ་རེད།

2.jpg

ལྷ་མཇལ་གི་འགྲོ་ན་མཇལ་གི་འགྲོ།

  ལྷ་མཇལ་གི་དབུས་གཙང་ཡུལ་ལ་འགྲོ།

   དབུས་སེར་པོར་ཕྱི་མཇལ་ནང་མཇལ་བྱེད།།

 ལྷ་ཇོ་བོར་སེམས་ཀྱིས་དལ་མཇལ་བྱེད།།

  སེམས་དད་པས་ལོངས་ན་ཚེ་མཇལ་བྱེད།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།