logo སྐྱེ་ཁམས་ཁོར་སྲུང་། ཞིབ་ཕྲའི་གནས་གནས་ཚུལ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་དངོས་སུ་བཙུགས།

4000.jpg

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་བཙུགས་པ་དང་ཁོངས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས། དེས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་ཐོག་མ་དངོས་སུ་བཙུགས་པ་མཚོན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་རིག་པ་ཚོགས་པས་ཞིབ་འཇུག་ཆེད་ལས་ཅན་གྱི་ཕྱོགས་སུ་ཡང་བསྐྱར་གོམས་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་ཝང་ཞའོ་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

   ཁོས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་ཐོག་མ་ཡིན་པའི་ཆ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པས་ལངས་གནས་མཐོར་འདེགས་གཏོང་དགོས་པ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་བསམ་བློ་དང་འགུལ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས། རྨང་གཞི་སྲ་བརྟན་དུ་གཏོང་དགོས་སྟེ་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་ཡུན་རིང་ལ་ཇུས་འགོད་བྱེད་ཐུབ་པའི་བྱ་བ་བསྒྲུབ་དགོས་པ་དང་འཁོར་སྐྱོད་ནང་རྐྱེན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཁོངས་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ། རིགས་སོ་སོའི་བྱ་བ་དང་དོ་དམ་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བཅོས་སྒྱུར་གསར་སྐྲུན་ལ་བརྟེན་ནས་རང་སྟེང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དགོས་མཁོ་གཅིག་བསྡུས་བྱེད་པ་དང་། ཉེ་ས་དང་ཐག་རིང་ས། མངོན་འགྱུར་དང་ལྐོག་གྱུར་ལ་གཅིག་གྱུར་སྒོས་བསམ་བློ་བཏང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ཁུལ་གྱི་ལག་ལེན་དང་དུས་མཉམ་སྒོས་སྐུལ་འདེད་གཏོང་དགོས་པ་དང་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་ཧུར་ཐག་གིས་ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་གཞུང་ལུགས་དང་ཉམས་མྱོང་འདོན་སྤྲོད་བྱེད་དགོས་ཟེར།

  ཁོས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པས་རང་ས་གནས་ལ་རྐང་འཛུགས་པ་དང་རང་ས་གནས་ལ་ཞིབ་འཇུག་བྱེད་པ། རང་ས་གནས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རིག་གཞུང་ཞིབ་འཇུག་དང་གཞུང་ལུགས་རྟོག་ཞིབ་གཟབ་ནན་གྱིས་སྤེལ་ཏེ་རིན་ཐང་ཡོད་པ་དང་དངོས་ཡོད་གནད་དོན་ལ་ལན་འདེབས་ཐུབ་པའི་ཞིབ་འཇུག་གྲུབ་འབྲས་གྲུབ་པར་བྱེད་དགོས་པར་མ་ཟད། ཧུར་ཐག་གིས་གྲུབ་འབྲས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ་མི་སྒེར་གྱི་རིག་སྟོབས་དེ་རྩ་འཛུགས་ཡོད་པའི་ཐུན་མོང་རིག་སྟོབས་དང་ལག་ལེན་ཐབས་ལམ་དུ་རིམ་སྤོར་བྱེད་དགོས་པ་དང་རིག་གཞུང་ལྟ་བ་དེ་བཀོལ་སྤྱོད་བྱེད་ཆོག་པའི་ཇུས་གཞི་རུ་སྒྱུར་དགོས་ཟེར།

   གྲོས་ཚོགས་སྟེང་ཞིབ་འཇུག་ཚོགས་པའི་སྒྲིག་ཡིག་དང་འདེམས་བསྐོ་བྱེད་ཐབས་ལ་བརྡ་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་རྒྱུན་ལས་ལས་འཛིན་པ། ཚོགས་གཙོ། ཚོགས་གཙོ་གཞོན་པ་བཅས་བདམས་ཐོན་བྱུང་།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།