logo སྐྱེ་ཁམས་ཁོར་སྲུང་། ཞིབ་ཕྲའི་གནས་གནས་ཚུལ།

བོད་ལྗོངས་སེ་ར་དགོན་པས་མི་རིགས་མཐུན་སྒྲིལ་གྱི་ཤིང་སྡོང་བཙུགས་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་གླེང་བྱས།

2018-03-28 11:21ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།:

1522201869725262.jpg

                                                                 འདི་ནི་སེ་ར་དགོནཔ་རེད།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གཅིག་གི་དཔྱིད་ཀ་ནི་ནགས་འཛུགས་ལྗང་བསྐྲུན་གྱི་དུས་ཆེས་ཡག་ཤོས་ཡིན་ཞིང་། ཟླ་གསུམ་པའི་བོད་ལྗོངས་སུ་བསྐྱོད་དུས། ཆུ་འགྲམ་དང་རི་མཐོན་པོ། གྲོག་རོང་ནས་བདེ་ཐང་དང་། ཐ་ན་ཁང་པའི་རྒྱབ་མདུན་དང་། དགོན་པའི་མཐའ་བསྐོར་དུ་རྒྱུན་པར་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པ་ཞིག་མཐོང་ཐུབ། ཉེ་ལམ། བོད་ལྗོངས་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་དེ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད།

1522201916630494.jpg

འདི་ནི་སེ་ར་དགོན་པའི་ཤར་རིའི་ངོས་ཀྱི་སྡོང་འཛུགས་རྣམ་པ་རེད།

ཟླ3པའི་ཚེས24ཉིན་གྱི་སྔ་དྲོར། སེ་ར་དགོན་དུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དང་གྲྭ་པ་རྣམས་ཀྱིས་མཉམ་གཅིག་ཏུ་སེ་ར་དགོན་པའི་མཐའ་འཁོར་དུ་ཤིང་སྡོང་འཛུགས་པའི་བྱེད་སྒོ་སྤེལ།

1522201977856507.jpg

འདི་ནི་སེ་ར་དགོན་པའི་གྲྭ་པས་སྡོང་ཕྲུག་ལ་ཆུ་ལྡུག་བཞིན་པའི་རྣམ་པ་རེད།

   ཤིང་འཛུགས་ནགས་བཟོའི་ཡུལ་དངོས་ནི་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་ངལ་རྩོལ་གྱི་རྣམ་པ་ཞིག་མངོན་ཞིང་། སྡོང་འཛུགས་སུ་ཞུགས་པའི་ལས་བྱེད་པ་དང་། གྲྭ་པ་སོ་སོར་སྤྲོ་སེམས་རབ་ཏུ་འཁོལ་ཏེ་ངར་ཤུགས་རྩེར་སོན་གྱིས་ལ་ལས་སྡོང་ཕྲུག་སྐྱེལ་བ་དང་། ལ་ལས་ལྕགས་ཁེམ་བཟུང་ནས་ངར་ཤུགས་དང་མགྱོགས་ཚད་འགྲན་སྡུར་བྱེད་ཅིང་། རིམ་པ་སོ་སོ་མཐུད་སྦྲེལ་བྱ་བར་གོ་རིམ་ལྡན་ཞིང་ནན་ཏན་ཡིན་པས་ཚང་མའི་གདོང་དུ་རྔུལ་ཆུས་ཁེངས་ཏེ། གང་ས་གང་དུ་བྲེལ་འཚུབ་ཀྱི་མི་དང་ངལ་རྩོལ་གྱི་དགོད་སྒྲས་ཁེངས་འདུག 

1522202010353573.jpg

                        འདི་ནི་སྡོང་འཛུགས་ནགས་སྐྲུན་གྱི་ཡུལ་དངོས་རེད།

   སེ་ར་དགོན་པའི་དགོན་སྡེ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཕུར་བུ་ཚེ་རིང་གིས་བཤད་དོན། “ལོ་རེའི་ཟླ་3པར་སེ་ར་དགོན་གྱི་གྲྭ་པ་ཚང་མས་ཤིང་སྡོང་འཛུགས་པ་དང་། ན་ནིང་སྡོང་རྐང3000ལྷག་བཙུགས་ཏེ་དགོན་པའི་ནང་དང་མཐའ་འཁོར་གྱི་ཐང་ཆེན་ཚང་མར་སྡོང་བོ་བཙུགས་ནས་ཁེངས་ཡོད། མ་འོངས་པའི་སེ་ར་དགོན་ནི་རྩི་ཤིང་གིས་གཡོགས་པར་བྱེད་ངེས”ཞེས་བཤད།

1522202030510220.jpg

འདི་ནི་སྡོང་འཛུགས་ཀྱི་ཡུལ་དངོས་རེད།

    རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་ནི་གཙོ་བོ་སེ་ར་དགོན་པའི་ནང་ཁུལ་དང་ཤར་ངོས་ཀྱི་རི་ངོས་ཡིན་པ་དང་། བསྡོམས་པ་མི300ལྷག་ཞུགས་ཏེ་སྡོང་རྐང1000ལྷག་འདེབས་འཛུགས་བྱས།

1522202063967526.jpg

འདི་ནི་སེ་ར་དགོན་པའི་གྲྭ་པས་ངལ་གསོ་བྱེད་པའི་རྣམ་པ་རེད།

ལས་སྒྲུབ་པས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། ད་ཐེངས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱེད་སྒོའི་དུས་འགོའི་གྲ་སྒྲིག་ལས་དོན་ཧ་ཅང་གནད་ལ་འཁེལ་ཞིང་།  སྔོན་གྲལ་བཤེར་བྱས་པ་བརྒྱུད། སེ་ར་དགོན་པའི་ཤར་ཕྱོགས་རི་སྒང་སྟེང་གི་སྔོ་ཁེབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། དེ་དང་འཚམ་པའི་ཤིང་འཛུགས་ཀྱི་ས་ཁོངས་དབྱེ་འབྱེད་གཏན་འབེབས་དང་ནགས་ལས་སྡེ་ཚན་དང་འབྲེལ་མཐུད་ལེགས་པར་བསྒྲུབས་ཏེ་སྡོང་ཕྲུག་སྔོན་ལ་བླངས།  སྡོང་འཛུགས་ནགས་སྐྲུན་བྱེད་སྒོའི་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་ཞིང་བྲེལ་འཚུབ་དང་གོ་རིམ་ལྡན་པ་ཞིག་ཡིན།

འདི་ནི་སྡོང་འཛུགས་ནགས་སྐྲུན་གྱི་ཡུལ་དངོས་རེད།

    ད་ཐེངས་ཀྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་བརྒྱུད། ཚང་མས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་འཛུགས་སྐྲུན་བྱ་བའི་འགན་འཁྲི་འདིར་ངོས་འཛིན་གང་ལེགས་བྱས་ཤིང་། དེ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་འོས་འགན་བྱེད་སྒོ་ཐེངས་གཅིག་ཡིན་པར་མ་ཟད། དེ་བས་ཀྱང་མི་དང་རང་བྱུང་ཁམས་དབར་འཆམ་མཐུན་དང་།  དེང་སྐབས་ལ་བདེ་སྐྱིད་བསྐྲུན་པ་དང་། ཕན་བདེ་བསྐལ་བརྒྱར་གནས་པར་སྐུལ་འདེད་བྱེད་པའི་དགེ་ལས་ཤིག་ཡིན་ལ།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ཐག་དེ་བས་ཇེ་ཉེར་སོང་སྟེ་འཚོ་བར་དགའ་ཞེན་ཆེ་བ་དང་། རང་བྱུང་ཁམས་ལ་དགའ་བ། རྒྱལ་ཁབ་ལ་དགའ་བའི་བརྩེ་སེམས་ཀྱིས་ཕྱུག་སྟེ་མཉམ་གཅིག་ཏུ་མི་རིགས་མཐུན་སྒྲིལ་གྱི་སྡོང་བོ་འཛུགས་པ་དང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མཚོན་པ་རེད།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།