logo མཚོ་ལྷོའི་ཕྱིར་དྲན། ཞིབ་ཕྲའི་གནས་གནས་ཚུལ།

གུང་ཧོ་རྫོང་བུད་མེད་མཉམ་འབྲེལ་ཚོགས་པ་གྲོང་སྡེ་རུ་ཕྱིན་ཏེ་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།

2018-03-06 16:35མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

 ལོ་མ་སར་གོང་། གུང་ཧོ་རྫོང་བུད་མེད་མཉམ་འབྲེལ་ཚོགས་པ་ས་གྲུ་བཞིའི་ཁ་སྒང་སྡེ་བ་གོང་མ་དང་ཁ་སྒང་སྡེ་བ་ཞོལ་མ།ཐང་དཀར་མ་གྲོང་རྡལ་རྟ་རྭ་སྡེ་བ་སོགས་ལ་རིམ་བཞིན་སོང་སྟེ། “ཐོག་མའི་ཀུན་སློང་མི་བརྗེད་པ་དང་།འགན་འཁྲི་ཡིད་ལ་འཇགས་པ།”ཞེས་པ་བརྗོད་བྱ་ཡིན་པའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།

  བྱ་འགུལ་སྐབས་སུ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་བོད་སྐད་གཉིས་ལམ་ནས་ཞི་ཅིན་ཕིན་གྱི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བུད་མེད་དང་བྱིས་པའི་ལས་དོན་གྱི་གནད་འགག་དང་འབྲེལ་བའི་བརྗོད་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ཆེས་སྤྱིར་བཏང་གི་སྐད་ཆ་བཀོལ་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྙན་ཞུའི་ཁྲོད་བཏོན་པའི་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། སྤྱི་ཚོགས་རོགས་སྐྱོར་དང་ཞིང་སྡེའི་ཁྱིམ་བསྐྱུར་བྱིས་པ།བུད་མེད་དང་རྒན་པ་སོགས་ལ་གཅེས་སྐྱོང་བྱེད་པའི་སྒྲིག་གཞིའི་ནང་དོན་འཐུས་ཚང་དུ་གཏོང་བ་སོགས་ཚང་མར་འགྲེལ་བཤད་ཞིབ་མོར་གནང་། རྒྱ་ཆེའི་བུད་མེད་རྣམས་དུས་རབས་གསར་བར་ཁ་ཕྱོགས་ཏེ། བསམ་བློ་གསར་བ་ལག་ལེན་དང་དུས་རབས་གསར་བར་བྱས་རྗེས་འཇོག་པ། རང་བརྩོན་དང་རང་སྐྱ་འཕེལ་བ། རང་ལ་བཀུར་བ་དང་རང་ལ་ཡིད་ཆེས་ཡོད་པའི་དུས་རབས་ཀྱི་བུད་མེད་ཅིག་བྱེད་པར་བརྩོན་དགོས། དེ་མཚུངས་སུ་གྲོང་སྡེའི་བུད་མེད་མཉམ་འབྲེལ་ཚོགས་པའི་ལས་བྱེད་པར་སྐུལ་ཏེ་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ཚོགས་པའི་བྱ་བར་དོན་དངོས་དང་ཟུང་འབྲེལ་གང་ལེགས་སྒོས་རྒྱ་ཆེའི་བུད་མེད་རྣམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས།ནན་ཏན་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་བྱས་ཏེ། བློ་སེམས་གཅིག་མཐུན་སྒོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བཟོ་པས་ཡུལ་དངོས་ཀྱི་བུད་མེད་རྣམས་ལ་འབྲེལ་ཡོད་ཀྱི་དྲིལ་སྒྲོག་ཡིག་ཆ་ཁྱོན་བསྡོམས300ལྷག་བྱིན།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།