logo ཁུལ་གཏོགས་སྡེ་ཁག་གི་གནས་ཚུལ། ཞིབ་ཕྲའི་གནས་གནས་ཚུལ།

ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས།

2017-12-28 16:27མཚོ་ལྷོ་བོད་ཡིག་གསར་འགྱུར། རྩོམ་པ་པོ།:

      ཟླ12པའི་ཚེས4ཉིན་ནས15ཉིན་བར།ཁུལ་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་དང་ཁེ་ལས།ལས་དོན་ལས་ཁུངས་སོགསཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།ཁུལ་གཏོགས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་ཁོ་རིམ་པའི་མན་དང་ཏང་ཡོན་ལས་བྱེད་པ400ལྷག་གིས་གཟའ་འཁོར་གཅིག་ལ་གསོ་སྦྱོང་ཁྲོད་ཞུགས།

      ཐེངས་འདིའི་གསོ་སྦྱོང་གི་དངོས་ཡོད་དང་འབྲེལ་ནས་འཆར་གཞི་འགོད་པ་དང་རིམ་པ་བགར་བ།རིམ་པ་བཞིན་གསོ་སྦྱོང་བྱེད་པའི་བྱེད་ཐབས་སྤྱད་དེ།གཅིག་བསྡུས་སྒོས་ཁུལ་གཏོགས་ལས་ཁུངས་དང་ཁེ་ལས།ལས་དོན་ལས་ཁུངས་གི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གསོ་སྦྱོང་སྤེལ་ཞིང་།རིམ་པ་དང་པོའི་གསོ་སྦྱོང་ཁྲོད་ཏང་ཡོན་ལས་བྱེད་མི་སྣ1180དང་རིམ་པ་གཉིས་པར་ཏང་ཡོན་ལས་བྱེད་པ210ཞུགས་པའི་ཁྲིད།ཁུལ་གཏོགས་ལས་ཁུངས་ཚང་མའི་སྡེ་ཁག་ཡོངས་ཁེབས་པར་བྱས་ཏེ།ཁོའོ་རིམ་པའི་མན་གྱི་ཏང་ཡོན་ལས་བྱེད་པ་ཡོངས་གསོ་སྦྱོང་འདིར་ཞུགས་པ་རེད།

      གསོ་སྦྱོང་འདིར་ཆེད་དོན་བཞུགས་མོལ་ཚོགས་འདུ་དང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ།རང་སྦྱོང་དང་བསམ་བློ་བརྗེ་རེས།ཁུལ་ཨུའི་ཧྲུའུ་ཅིའི་ཆེན་དོན་ཟུར་ཁྲིད་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས་ནས།ཏང་ཡོན་ལས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཡིད་ཆེས་ཡོད་པ་དང་།གཞུང་ལུགས་ལ་ཡིད་ཆེས་ཡོད་པ།ལམ་ལུགས་ལ་ཡིད་ཆེས་ཡོད་པ་བཅས་ཀྱི་ཕྱོགས་ནས་མཛུབ་སྟོན་རང་བཞིན་གྱི་ནུས་པ་ཐོན།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།