logo ཁུལ་གཏོགས་སྡེ་ཁག་གི་གནས་ཚུལ། ཞིབ་ཕྲའི་གནས་གནས་ཚུལ།

ཀྲང་ཝུན་ཁེ་ཡིས་ཀོས་ནན་ཐུན་ཏེ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲི་སྒྲོག་བྱས་པ།

2017-12-28 16:02མཚོ་ལྷོ་བོད་ཡིག་གསར་འགྱུར། རྩོམ་པ་པོ།:

      ཉེ་སྔོན། ཀྲང་ཝུན་ཁེ་སྔ་གཞུག་ཏུ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ་དང་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ། ཀླུ་ཚང་དགོན་པ་དང་ཐུན་ཏེ་རྫོང་དུ་སོང་ནས་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་འཐུས་ཚབ་མི་སྣར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བསམ་བློ་བརྗེ་རེའི་བྱས་ཤིང་། མང་ཚོགས་ཀྱི་རེ་སྨོན་བྱས་ཡོད་པ་ཅི་ཡིན་པར་ཉན་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱས། 

      ཁུལ་མི་རིགས་མཐོ་འབྲིང་གསུམ་པར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དྲིལ་སྒྲོག་བྱེད་སྐབས་ཀྲང་ཝུན་ཁེ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་སྙིང་གང་ཡིན་པ་དང་བློ་ཐག་རྦད་ཆོད་ཀྱི་ཆོད་སེམས་བརྟན་པ། ཡིད་ཆེས་ཀྱི་འདུ་ཤེས་བརྟན་པ་སོགས་ཀྱི་ཕྱོགས་ནས་རྒྱས་བཤད་བྱས་པ་དང་། ཁུལ་མི་རིགས་མཐོ་འབྲིང་གསུམ་པར་དུས་རབས་གསར་བའི་ནང་རྣམ་པ་གསར་བ་དང་བྱེད་ཕྱོགས་ཡོད་དགོས་པ། སྐད་གཉིས་སློབ་གསོ་བཅོས་སྒྱུར་ཕྱོགས་ཤུགས་རྒྱག་པ། གཙོ་བོ་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་དང་ཡི་གེ་ཡི་སློབ་གསོ་སྤེལ་ནས་དེང་རབས་དཔལ་ཡོན་ཅན་གྱི་འདུ་ཤེས་དང་ཚན་རིག་ལག་རྩལ་བརྒྱུད་སྒྲོག་བྱས་ནས་མི་རིགས་སློབ་གསོ་དུས་རིམ་གསར་བ་ཞིག་ཏུ་འཕེལ་བར་འབད་པ། སྤྱི་ཚོགས་རིང་ལུགས་རིན་ཐང་གི་ལྟ་བ་སྲོག་ཤིང་ཡིན་པ་དར་སྤེལ་བཏང་སྟེ་ཏང་དགའ་རྒྱལ་གཅེས་དང་མཐུན་སྒྲིལ་ཡར་ཐོན། དཔལ་ཡོན་འཆམ་མཐུན་སོགས་ཀྱི་རིན་ཐང་གི་ལྟ་བ་ཅན་གྱི་སློབ་གསོ་སྤེལ་ཏེ་སློབ་མ་ཚོའི་སེམས་ཁམས་སྔར་ལས་བདེ་ཐང་དང་སྤྲོ་སྐྱིད་ལྡན་པར་བྱས་ནས། དུས་རབས་དང་དུས་རབས་ནང་སྤྱི་ཚོགས་རིང་ལུགས་ཀྱི་ན་གཞོན་གསར་བ་གསོ་སྐྱོང་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་སློབ་གསོ་བཅོས་བསྒྱུར་ཁྲོད་འགྲུབ་འབྲས་གསར་བ་ཞིག་བླངས་ནས་མཚོ་ལྷོའི་མི་རིགས་སློབ་གསོའི་མིག་དཔེ་ལྟ་ས་ཡིན་པར་འབད་དགོས་པ་བསྟན།

      སུམ་མདོ་གྲོང་རྡལ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དྲིལ་སྒྲོག་བྱེད་སྐབས་ཀྲང་ཝུན་ཁེ་ཡིས་བསྟན་དོན།ཚོགས་ཆེན་བཅོ་བརྒྱད་ནས་ཏང་གིས་བོད་ཁུལ་གྱི་སྲིད་ཇུས་ལ་ཤུགས་སྣོན་ནན་མོ་བྱས་པའི་འོག མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་སོང་ཡོད་ལ། ཤང་གྲོང་གི་རྣམ་པ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད།  ཞིང་ཕྱུགས་ལས་ཡང་དཔྱིད་དཔལ་རྒྱས་པ་ནང་བཞིན་རྣམ་པ་གསར་བ་ཆགས་ཡོད་ལ། རིགས་སོ་སོའི་ལས་བྱེད་མང་ཚོགས་ལའང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་རྒྱལ་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་པ་དང་ང་ཚོའི་ཏང་གི་རྗེས་བསྙེགས་པ་དང་ཏང་གི་མགོ་ཁྲིད་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ན་འཕེལ་རྒྱར་ཡར་ཐོན་འབྱུང་བ་དང་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པ་དང་བོད་ཁུལ་དར་རྒྱས་གོང་འཕེལ་རྒྱས་ལ་འབད་པའི་དམིགས་འབེན་མངོན་འགྱུར་འབྱུང་ཐུབ་པ་བསྟན་ཡོད་ཟེར་ལ། ཁོང་གིས་དེང་སྐབས་ཀྱི་དམིགས་འབེན་ཆེས་གཙོ་བོ་ནི་བསམ་བློ་བཅིངས་བགྲོལ་དང་འདུ་ཤེས་བཅོས་སྒྱུར་དང་སློབ་གསོས་རོང་འབྲོག་མང་ཚོགས་གྲོང་ཁྱེད་དུ་གཏན་སྡོད་བྱེད་པར་སྣེ་ཁྲིད་དང་དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམས་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཕྱུགས་ལས་ཐོན་ལས་ཁྱབ་རྒྱ་ཅན་དང་གཅིག་བསྡུས་ཅན། ཐོན་ལས་ཅན་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཡོད་པ་དང་འཚོ་བ་ཕྱུག་པོ་ཡིན་པ། སྐྱེ་ཁམས་མཛེས་སྡུག་ཡིན་པའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཏུ་བསྙེག་པར་འབད་དེ། རྒྱ་ཆེ་འབྲོག་པ་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡིན་དགོས་པ་བསྟན།

      ཀླུ་ཚང་དགོན་པར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དྲིལ་སྒྲོག་བྱེད་སྐབས་ཀྲང་ཝུན་ཁེ་ཡིས་དགོན་པས་ཏང་གི་ཆོས་ལུགས་དད་མོས་རང་དབང་ཡིན་པའི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁོངས་གཏོགས་སུ་ཆོས་ལུགས་བྱ་འགུལ་སྤེལ་ནས།ཏང་གི་མགོ་ཁྲིད་ལ་སྲུང་སྐྱོང་དང་བློ་དཀར་གྱིས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་གཅེས་པ། དགོན་པར་དོ་དམ་ནན་མོ་བྱས་ཏེ་དགོན་པའི་སྒྲིག་ལམ་བརྩི་སྲུང་བྱས་ནས་བྱམས་སྙིང་རྗེ་ཅན་གྱི་ཆོས་ལུགས་ཀྱི་དགོངས་དོན་དར་སྤེལ་གཏོང་བ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཟུང་དུ་སྦྲེལ་པར་འབད་དེ། ཀླུ་ཚང་དགོན་པ་དེ་ཀོས་ནན་གྱི་མཁར་གྲོང་འཕེལ་རྒྱས་ཁྲོད་ཀྱི་བསམ་བློའི་སྒུལ་ཤུགས་དང་རིག་གནས་ཀྱི་ཁྱིམ་གཞི་ཞིག་ཏུ་སྐྲུན་ནས་མཚོ་ལྷོའི་འཆམ་མཐུན་གྱི་དགོན་པའི་འཛུགས་སྐྲུན་མིག་དཔེར་འཇོག་དགོས་ཟེར།

       ཐུན་ཏེ་རྫོང་གིས་སློབ་གསོ་དང་འཕྲོ་བསྟེན། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་བཟོ་ལས་འཐུས་ཚབ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དྲིལ་སྒྲོག་བྱེད་སྐབས་ཀྲང་ཝུན་ཁེ་ཡིས་ཐུན་ཏེ་རྫོང་གིས་ལོ་གསུམ་ཁྱད་འཕགས་དབུལ་སྐྱོར་མཁྲེགས་གཏོར་ཁྲོད་དབུལ་བོའི་ཞྭ་མོ་སྔོན་ལ་ཕུད་དེ་མཚོ་སྔོན་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་གྱི་མ་དཔེ་གསར་སྐྲུན་བྱས་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་སྟོན་ཁྲོད། ཐུན་ཏེ་རྫོང་གིས་གནད་ཁེལ་དབུལ་སྐྱོར་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ལམ་བར་འགྲུབ་འབྲས་གསར་བ་ཞིག་ལེན་དགོས་པ་བསྟན།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།