logo ཁུལ་གཏོགས་སྡེ་ཁག་གི་གནས་ཚུལ། ཞིབ་ཕྲའི་གནས་གནས་ཚུལ།

ཁྱད་དུ་འཕགས་པའི་བྱ་བའི་གྲུབ་འབྲས་ཀྱིས་དུས་རབས་གསར་བ་བསུ།

2017-12-21 17:43མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

ཉེ་སྔོན།ཁུལ་ཨུའི་སྒྲོག་བཤད་ཚོགས་པའི་ཡན་ལག་རུ་ཁག་གསུམ་པའི་མི་སྣ་དང་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཆོན་ཁྲིན་དང་ཀྲོ་ལི་ལིན་མཚོ་སྔོན་པོ་སྨན་ལས་ཚད་ཡོད་ཀུང་ཟིར་སོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས།མཚོ་སྔོན་པོ་སྨན་ལས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་གཙང་གསུམ་ཕྱུགས་ལས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས7གྱི་འགན་འཁུར་མི་སྣ་དང་ཁེ་ལས་ལས་བཟོ་བ་སྒྲོག་བཤད་ཚོགས་འདུར་ཞུགས།

ཀྲི་ཆོན་ཁྲིན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་གྱི་བྱ་བའི་དངོས་ཡོད་དང་འབྲེལ་ནས“འདས་པའི་ལོ་ལྔའི་ནང་།ང་ཚོའི་ཁེ་ལས་ཀྱི་འགྱུར་ལྡོག་ནི་ཆེས་མངོན་གསལ་ཡིན་ལ།ཚང་མར་ལོ་ལྔའི་ཕན་བདེ་ཐོབ་ཡོད།ལོ་ལྔའི་རིང་ལ་འགྱུར་ལྡོག་བྱུང་བ་མི་ཚང་མའི་གསལ་བོར་མཐོང་ཡོད་ལ།མ་འོངས་པའི་དཔེ་རིས་ནི་ཇི་འདྲ་ཞིག་ཡིན་པ་ང་ཚོ་ཚང་མས་མཉམ་དུ་བསམ་བློ་གཏོང་ཞོར་དེའི་སྐོར་གླེང”ཞེས་སྒྲོག་བཤད་བྱེད་མགོ་བརྩམས།ཁེ་ལས་ལས་བཟོ་བ་སོ་སོས་ཉན་པའི་རྗེས་སུ།“ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལ་སྤྱིའི་བླང་བྱ་བཏོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྗེས་སྙེག་ནས།སྒྲིག་གཞི་ལེགས་བསྒྱུར་དང་བཅོས་སྒྱུར་གསར་སྤེལ་ལ་སྐུལ་འདེད་བྱས་ན་ད་བཟོད་ཁེ་ལས་འཕེལ་རྒྱས་ལ་འགུལ་ཤུགས་སྟེར་ཐུབ་ལ།ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་ཐུབ”ཟེར།“ངས་སྙན་ཞུ་ཀློག་གིན་ཀློག་གིན་སེམས་སུ་སྔར་མེད་ཀྱི་དགའ་བ་སྐྱེས་ཡོང་ལ།རྒྱལ་ཁབ་ཀྱི་སྲིད་ཇུས་ཡར་སྔར་ལས་ཇེ་བཟང་རེད།ང་ཚོའི་ཁེ་ལས་ལ་ཕན་བདེ་གང་མང་བསྐྱལ་ཡོང”ཞེས་བཤད།

སྒྲོག་བཤད་མཇུག་རྫོགས་ལ་ཉེ་སྐབས།ཀྲོ་ལི་ལིན་གྱིས་བཤད་རྒྱུར“ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བརྩོན་སེམས་དེ་ལས་ལམ་གསར་འབྱེད་བྱེད་པའི་འགུལ་ཤུགས་སུ་བསྒྱུར་ནས།རང་ཉིད་ནས་མགོ་བརྩམས་ཤིང་།སྤྱི་གཙོར་འཛིན་པ།བྱ་བར་བཅངས་བའི་བརྩོན་སེམས་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བའི་དོན་ཚན་སོ་སོ་ལེགས་པོར་བསྒྲུབས་ནས།ལོ་ཧྲིལ་བོའི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་བྱ་བ་མཇུག་སྒྲིལ་བར་དམ་འཛིན་བྱས་ཤིང་།སྔོན་ལ་ལོ་རྗེས་མའི་བྱ་བ་གལ་ཆེན་དག་འཆར་འགོད་བྱས་ནས།དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་གྱི་བྱ་བའི་སྒྲིག་གཞི་བརྟན་བརླིང་ངང་ཡར་འཕར་བ་མངོན་འགྱུར་བྱུང”ཞེས་བཤད་མ་ཐག་ཚོགས་རའི་ནང་གི་མི་ཚང་མས་དགའ་བསུའི་ཐལ་མོ་རྡེབ།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།