logo མཛེས་སྡུག་ཞིང་གྲོང་། ཞིབ་ཕྲའི་གནས་གནས་ཚུལ།

ཐུན་ཏེས་དབུལ་སྐྱོར་དངུལ་རྩར་བརྟེན་ནས་མང་ཚོགས་ཕྱུགས་འགྱུར་གྱི་ལམ་དུ་ཁྲིད།

2017-12-21 16:49མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

ཐུན་ཏེ་རྫོང་གིས་ནུས་ཤུགས་ཡོད་དགུས་དངུལ་རྩའི་དབུལ་སྐྱོར་གནད་འཁེལ་བྱ་བར་རྒྱབ་སྐྱོར་བྱ་བ་ལེགས་པོར་བསྒྲུབ་ནས།རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང2016ལ་དངུལ་རྩའི་ཞབས་ཕྱིའི་ཡིག་ཚགས་བཟོས་ལ།དབུལ་ཕོངས་ཡིད་རྟོན་ཁྱིམ་ཚང1092བདམས་ཏེ།གནད་འཁེལ་དབུལ་སྐྱོར་གྱི་སྒོར་ཁྲི4588བསྐྱིས།

རྫོང་དེའི་དབུལ་ཕོངས་ཁྱིམ་ཚང་ལ་བྱང་བུ་དང་ཡིག་ཚགས་བཟོས་ནས“530”སྒོར་བསྐྱི་བའི་སྲིད་ཇུས་མྱོང་དུ་བཅུག་ཅིང་།སྒོར་མོ་ཆད་པའི་དབུལ་ཕོངས་ཁྱིམ་ཚང112ཡི་ཡིད་རྟོན་ཚད་ལ་བསྐྱར་བཅོས་བྱས་ཏེ་སྐྱེད་ཀ་མེད་པར་བྱས།མ་སྒོར་ཁྲི279.33དང་སྐྱེད་ཀ་སྒོར་ཁྲི186.63སྲིད་གཞུང་གི་སྐྱེད་ཀའི་ཁ་གསབ་སྒོར་ཁྲི47.49མེད་པར་བྱས་པའི་སྐྱེད་ཀའི་སྒོར་ཁྲི139.13ལག་བསྟར་བྱས་ཏེ།ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འདུན་པ་ཡོད་ཀྱང་མ་རྩ་མེད་པའི་ཁྱིམ་ཚང་གིས“530”སྒོར་བསྐྱི་བའི་སྲིད་ཇུས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།