logo མཛེས་སྡུག་ཞིང་གྲོང་། ཞིབ་ཕྲའི་གནས་གནས་ཚུལ།

རང་ཁུལ་གྱིས་སྲིད་འཛིན་མཆན་འགོད་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་པར་ཕན་འབྲས་དངོས་ཐོབ།

2017-12-20 16:39མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

ད་ལོར།རང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་འཛིན་མཆན་འགོད་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པའི་བྱ་བའི་རྨང་གཞིའི་སྟེང་སྲིད་གཞུང་སྡེ་ཁག་གི་སྲིད་འཛིན་མཆན་འགོད་དོན་གནད་དང་མཚམས་སྦྱོར་ཞབས་ཞུའི་དོན་གནད་སོགས་ཁྱབ་ཁོངས་ལ་ཡང་བསྐྱར་སྙོམས་སྒྲིག་དང་ཡང་བསྐྱར་ལེགས་བཅོས། ཡང་བསྐྱར་གཙང་བཅས་བྱས་པས་སྲིད་འཛིན་མཆན་འགོད་ལམ་ལུགས་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

རང་ཁུལ་གྱིས་སྲིད་འཛིན་མཆན་འགོད་དོན་གནད་བརྒྱ་དང་གཉིས་སྙོམས་སྒྲིག་དང་མེད་པར་བཟོས་པ་དང་དོན་གནད་ཉེར་བཞི་གནས་སྐབས་སུ་ནར་འགྱངས་ལག་བསྟར་བྱས་ལ། སྲིད་འཛིན་མཆན་འགོད་ཀྱི་མཚམས་སྦྱོར་ཞབས་ཞུའི་དོན་གནད་རེ་དྲུག་སྙོམས་སྒྲིག་དང་མེད་པར་བཟོས། སྡེ་ཁག་ཉེར་བདུན་ལ་འབྲེལ་བ་ཡོད་པའི་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་བྱ་བ་བརྒྱ་དང་གོ་གཉིས་ཁྱབ་བསྒྲགས་བྱས་པར་མ་ཟད། སྐབས་བསྟུན་ཁྲིམས་འཛིན་མི་སྣའི་མིང་མཛོད་དང་ཁྲིམས་འཛིན་བྱ་ཡུལ་གྱི་མིང་མཛོད་བཙུགས་ཤིང་། ཁུལ་ཡོངས་ཀྱི་སྲིད་འཛིན་དང་ལས་དོན་སྡེ་ཁག་ཉིས་བརྒྱ་དོན་གཉིས་ཀྱི་སྲིད་འཛིན་མཆན་འགོད་བརྒྱུད་རིམ་སྟོང་གཉིས་དང་བརྒྱད་བརྒྱ་ཉེར་གཉིས་ཡོངས་འགྲུབ་བྱས་པ་དང་། སྲིད་འཛིན་ཞབས་ཞུ་དང་གཅིག་སྡུད་ཀྱིས་སྒྲུབ་པ། དམངས་འབྲེལ་ཞབས་ཞུ་བཅས་ཀྱི་ཚད་གཞི་ལྟར་སྲིད་གཞུང་གི་ཞབས་ཞུའི་དོན་གནད་ཚང་མ་སྲིད་འཛིན་ཞབས་ཞུའི་དཀྱིལ་སྙིང་དུ་བཞག་སྟེ། ལས་སྒྲུབ་བརྒྱུད་རིམ་ལེགས་སྒྱུར་བྱེད་པ་དང་ལས་སྒྲུབ་ལས་ཆོད་མཐོར་འདེགས་བྱས་ནས་སྲིད་གཞུང་གི་དབང་ཆའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།