logo སྨྱན་བྱད་ཀྱིས་མཚོ་ལྷོར་བལྟ་བ། ཞིབ་ཕྲའི་གནས་གནས་ཚུལ།

ཐུན་ཏེ་རྫོང་གིས་ཤུགས་ཆེན་པའི་སྒོ་ནས་ཞིང་སྡེའི་ཡུལ་སྐོར་དམངས་ཕྱུག་བཟོ་སྐྲུན་ལ་སྐུལ་འདེད་བཏང་།

2017-12-14 16:45མཚོ་ལྷོ་བོད་ཡིག་གསར་འགྱུར། རྩོམ་པ་པོ།:པད་མ།

     ཐུན་ཏེ་རྫོང་གིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་འཛུགས་སྐྲུན་གྱི་གོ་སྐབས་དམ་དུ་བཟུང་ནས་ཞིང་སྡེའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཡུལ་སྐོར་ས་ཚིགས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གནད་དོན་ཐག་གིས་བཅད་ཅིང་། ཞིང་སྡེའི་ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ།ཡུལ་སྐོར་བཟའ་བཏུང་དང་། རླངས་འཁོར་འཇོག་ས།སྤྱོད་ཁང་སོགས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་བཏང་།  དེ་མིན་ཞིང་སྡེའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ལ་ཤུགས་སྣོན་དང་།ཁྱད་ལྡན་ཞིང་སྡེ་དང་གྲོང་རྡལ་གྱི་ས་གནས་ཁྱད་ཆོས་ལྡན་པའི་ལོ་རྒྱུས་ཀྱི་གནས་ཡུལ་དང་། དམངས་སྲོལ་རྣམ་པ་ཕན་ཚུན་མཐུན་སྦྱོར་བྱས་ནས་རྫོང་དེའི་ཞིང་སྡེའི་ཡུལ་སྐོར་གྱི་ཆུ་ཚད་དེ་རྣམ་པ་གསར་པ་ཞིག་ཏུ་སླེབས་པར་བྱས།

timg (5).jpg

     ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་ཞིང་སྡེའི་ཡུལ་སྐོར་གྱི་དཔལ་འབྱོར་འཕར་སྣོན་གསར་བ་བྱུང་ཞིང་། ཤུགས་ཆེན་པའི་སྒོ་ནས་ཞིང་སྡེའི་ཡུལ་སྐོར་དམངས་ཕྱུག་བཟོ་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཐོག་མའི་གཞི་རྒྱ་ལྡན་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང10འཛུགས་སྐྲུན་བྱས་པ་དང་།  ལོ་རེའི་ཡོང་འབབ་སྒོར་ཁྲི36ཟིན་པ་དེས་ཐུན་ཏེ་རྫོང་གི་ལོ་རེའི་ཡུལ་སྐོར་ཡོང་འབབ་ཀྱི11.3%ཟིན་ལ། ཞིང་པའི་སྤྲོ་སྐྱིད་ཁང་སུ་ལས་ཀ་བྱེད་མཁན་མི80ལྷག་ཙམ་དང་།ངལ་རྩོལ་ནུས་ཤུགས་ལྷག་མ་མི130ལྷག་ལ་སྐུལ་ཁྲིད་བྱས། གཞན་ཡུལ་སྐོར་ལས་སྒྲུབ་མི་སྣ412 ཡོད་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ1དང་། སྐར་བཞིའི་ཞིང་སྡེའི་ཡུལ་སྐོར་སྣེ་ལེན་བྱེད་ས2  སྐར་མ་རིམ་པའི་མགྲོན་ཁང4ཡུལ་སྐོར་སྤྱི་པའི་གསང་སྤྱོད་ས་ཚིགས7བཅས་ཡོད་ལ། རྫོང་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3086ལ་སླེབས་པ་དང་། དུས་མཚུངས་ལས་འཕར430%ལ་སླེབས་ཤིང་།ལོ་འཁོར་གྱི་འཆར་གཞིའི109% ལེགས་གྲུབ་བྱུང་ལ། སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་གྲངས་ཁྲི15.77ལ་སླེབས་པ་དང་། དུས་མཚུངས་ལས་འཕར781%སླེབས།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།