logo ཁུལ་གཏོགས་སྡེ་ཁག་གི་གནས་ཚུལ། ཞིབ་ཕྲའི་གནས་གནས་ཚུལ།

བསོད་ནམས་དོན་གྲུབ་གཞི་རིམ་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གནང་བ།

2017-12-13 15:40རང་ཚགས་པར་གྱི་འཕྲིན། རྩོམ་པ་པོ།:

ཉེ་སྔོན། ཁུལ་དཔོན་བསོད་ནམས་དོན་འགྲུབ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཁྲེ་ཙེ་སྡེ་བའི་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གནང་། ཚོགས་འདུའི་སྟེང་སྡེ་བའི་ཏང་ཀྲི་པུའུ་ཡི་ཏང་ཡོན་རྣམས་ཀྱིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་པ་བརྗོད་བྱར་བཟུང་ནས། ཉེ་བའི་ལོ་འགའི་རིང་། སྡེ་བ་གཞན་དག་ཏུ་བྱུང་བའི་ཁོར་ཡུག་གི་འགྱུར་ལྡོག་དང་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས། འཚོ་བའི་ཆུ་ཚད་མཐོར་འདེགས་སོགས་ཕྱོགས་གང་ཐད་ཀྱི་མཐོང་ཐོས་དང་འབྲེལ་ནས། རིམ་གྱིས་ངོས་འཛིན་བྱེད་པ་དང་མྱོང་ཚོར་བརྗོད་དེ། རྒྱ་ཆེ་བའི་ཏང་ཡོན་རྣམས་ཀྱིས་ཏང་གི་བཀའ་དྲིན་དྲན་ཏེ་ཏང་གི་རྗེས་སུ་སྙེགས་པའི་རེ་བ་མངོན་པར་མཚོན་ཡོད། ཕན་ཚུན་རྒྱུས་ལོན་དང་ཡར་སྐུལ་བྱས་ནས། ཐུན་མོང་སློབ་སྦྱོང་དང་ཡར་ཐོན། མཐོར་འདེགས་ཡོང་བའི་དམིགས་འབེན་ལེགས་འགྲུབ་བྱུང་། མིག་སྔར་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་ཐོན་འཁྱོལ་ཡོང་བར་ཇི་ལྟར་སློབ་སྦྱོང་བྱེད་པར་དམིགས་ནས། བསོད་ནམས་དོན་གྲུབ་ཀྱིས་རེ་བ་བཏོན། གཅིག དྲིལ་སྒྲོག་ཐབས་ལམ་སློབ་སྦྱོང་གཙིགས་སུ་འཛིན་དགོས། མིག་སྔར་རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བའི་རྐྱེན་གྱིས་གཞུང་ལུགས་ཀྱི་རྨང་གཞི་ཟབ་མོ་ཆགས་མེད་ལ། སྙན་ཞུའི་ནང་དོན་ཐད་ཀར་སྒྲོག་འགྲེལ་བྱས་ཀྱང་ཁོ་ཚོས་གོ་བ་ལོན་པའི་ངེས་པ་མེད། དེ་བས། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གལ་ཆེན་ངེས་པར་དུ་རྣམ་པ་གསར་བའི་སྒོ་ནས་དམངས་ལ་འབྲེལ་ཞིང་དམངས་ཀྱིས་གོ་བ་ལོན་པར་སྒྲོག་འགྲེལ་བྱེད་དགོས་ལ། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་དུས་རབས་གསར་བ་དང་བསམ་བློ་གསར་བ། འཐབ་ལམ་གསར་བར་ཡིད་ཆེས་དང་སྤོབས་པས་ཁེངས་དགོས།

      གཉིས། མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་སེལ་དགོས། སྡེ་བའི་རུ་ཁག་ལ་མཚོན་ན། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་ནི། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཚབས་ཆེན་དག་སྟོབས་ཤུགས་ཡོད་ཚད་ཀྱིས་ཐག་གཅོད་བྱེད་དགོས་ལ། གཞི་རིམ་གྱི་ཏང་རྩ་འཛུགས་ནི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་ཡོང་བའི་བཙན་རྫོང་ལྟ་བུ་ཡིན། 

      མང་ཚོགས་ཀྱིས་བཏོན་པའི་གྲོང་རྡལ་གྱི་འགྲིམ་འགྲུལ་རྙོག་དྲ་ཆེ་བ་དང་ཁོར་ཡུག་གི་གཙང་སྦྲ་ཞན་པ་སོགས་དངོས་ཡོད་ཀྱི་གནད་དོན་ལ་དམིགས་ནས། རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་དང་འཆར་གཞི་བཟོ་འགོད་བྱས་ཏེ། སྤྱི་སྤྱོད་འཁོར་ལྷས་དང་གཙང་སྤྱོད་ཁང་། ཉོ་ཚོང་ཚོང་ར་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས། གཅིག་གྱུར་སྒོས་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་སེལ། 

      མང་ཚོགས་ཀྱི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་བྱེད་པ། སྡེ་མིའི་སྤུས་ཚད་ནི་སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་ཡོང་བའི་གནད་འགག་ཡིན། ཏང་ཀྲི་པུའི་ཡིས་ཡང་དག་པའི་ཁ་ཕྱོགས་བཙལ་ནས། སྡེ་བའི་སྒྲིག་སྲོལ་ལེགས་བཅོས་བྱས་ཏེ། སློབ་གསོའི་བྱེད་ཤུགས་དྲིལ་སྒྲོག་ཆེ་ཆེར་སྤེལ། སྡེ་དམངས་ཀྱི་དཔལ་ཡོན་དང་འགན་འཁྲི། ཀུན་སྤྱོད་སོགས་ཀྱི་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་བྱས་པ་མ་ཟད །  སྡེ་དམངས་ཀྱི་གོམས་སྲོལ་ངན་པ་བསྒྱུར་བཅོས་བྱེད་པར་སྣེ་ཁྲིད་དང་། གཏམ་སྤྱོད་བཟང་པོས་སྡེ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་སྐུལ་མ་བཏང་། ཁྲེ་ཙེ་སྡེ་བའི་སྐབས་དང་པོའི་ཀྲི་པུའི་ཚན་ཁག་བདམས་ཐོན་བྱུང་ལ། དེ་ནི་སྡེ་དམངས་ཀྱི་བརྟེན་ས་ཡིན། མང་ཚོགས་དབུལ་ཐར་བྱས་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པའི་ལས་འགན་ཕྲག་ལ་འཁུར། ཚན་ཁག་གསར་བ་འདིས་ཏང་ལ་བློ་སེམས་འཁོར་ཏེ། སྡེ་དམངས་ལ་སྣེ་ཁྲིད་བྱས་ནས་ཚང་མ་ཕྱུག་འགྱུར་ལམ་དུ་བསྐྱོད་པར་འབད་འབུངས་བྱས།།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།